59210
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྙིང་མ། དཀོན་ཅོག་འགྲེལ་ལས། ཚོགས་ཀྱི་དཀྱིལ་འཁོར་ནི་འདི་ལྟར། ལྷ་རྣམས་ཐམས་ཅད་འཚོགས་པ་དང་། །སྐྱེ་བོ་དམ་པ་ཀུན་འཚོགས་པས། །ཚོགས་ཀྱི་དཀྱིལ་འཁོར་དམ་པ་ནི། །དེ་བཞིན་མཛའ་བ་འདུས་པར་གསུངས། །ཞེས་འབྱུང་བ་ལྟ་བུའོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། ག་ཎ་ཙཀྲའི་སྒྲ་ལས་ཚོགས་ཀྱི་འཁོར་ལོ་སྟེ། དེའི་མཚན་ཉིད་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པའི་སྐབས་གང་ཞིག་རྟེན་དང་གང་ཟག་དང་ཡོ་བྱད་ཁྱད་པར་ཅན་ཚོགས་པ་སྟེ། ཀུན་གསལ་ལས། རྟེན་དང་གང་ཟག་ཡོ་བྱད་ཚོགས། །ཐབས་ཆེན་གསང་བས་ཚོགས་ཞེས་བྱ། །ཞེས་གསུངས། མིང་གི་རྣམ་གྲངས་ལ། ག་ཎ་ཙཀྲ། ཚོགས་ཀྱི་འཁོར་ལོ། རོལ་པ་ཚོགས་ཀྱི་དཀྱིལ་འཁོར་དུའང་གྲགས། |
| Domain | ཆོས་ལུགས། |