59218

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་ཀྱི་བཅའ་བ་བཅུ་གསུམ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་རྣམ་ཐར་སོ་དགུའི་ནང་ཚན་ཞིག་སྟེ། དང་པོ། དགེ་འདུན་ལ་སྙན་གསན་དབབ་པའི་སླད་དུ་ཕྱག་བསྐོར་ཕྱི་མ། གཉིས་པ། མྱུར་དུ་གྲལ་སྒྲིག་པའི་སྤྱན་འདྲེན་དུ་ཕྱག་བསྐོར་ནང་མ། གསུམ་པ། དགེ་འདུན་ལ་མདོ་དབྱངས་འབུལ་བ། བཞི་པ། ཆོས་རྗེ་རིན་པོ་ཆེ་ལ་སྙུན་འདྲི་སྨེད་ཞུ་བ། ལྔ་པ། ཚོགས་པ་ལ་གསུང་ཆོས་ཀྱི་ཞུ་བ་དང་མཎྜལ་འབུལ་བ། དྲུག་པ། རིན་པོ་ཆེས་གསུང་ཆོས་གནང་བ། བདུན་པ། མས་གཏམ་ཞུ་ཞིང་ཡས་གཏམ་གནང་བ། བརྒྱད་པ། གཏོར་མ་བསྔོ་བ། འབུམ་ཚར་རེ་གསུང་བ། བཅུ་པ། གསོལ་འདེབས་དང་ཡིག་བརྒྱ་གསུང་བ། བཅུ་གཅིག་པ། མདོ་སྒྲུབ་གནང་བ། བཅུ་གཉིས་པ། གཤིན་པོ་གཟུངས་སྐུལ་བ། བཅུ་གསུམ་པ། མཐར་སྦྱིན་པའི་བདག་པོའི་བསྙེན་བཀུར་རྣམས་གསོན་གཤིན་གྱི་དོན་དུ་བསྔོ་བ་སྨོན་ལམ་རྣམ་པར་དག་པ་རྒྱས་འདེབས་མཛད་པ་རྣམས་འཕགས་གསུམ་སོ་སྐྱེའི་དགེ་འདུན་རྣམས་ལ་སྔོན་བྱུང་རྒྱལ་བ་སློབ་མར་བཅས་པ་གདུལ་བྱའི་བསོད་ནམས་ཀྱི་མགྲོན་དུ་གཉེར་བའི་རྣམ་ཐར་ལས་བརྩམས་ཏེ། སྦྱིན་པའི་བདག་པོའི་ཡོན་ཡོངས་སུ་སྦྱོང་བའི་འཕྲིན་ལས་ཉམས་ལེན་སྒྲུབ་ཆོས་སུ་སྟོན་པ་ཚོགས་ཀྱི་བཅའ་བ་བཅུ་གསུམ་ཞེས་གྲགས་སོ། །
Domain ལོ་རྒྱུས།