59235

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་ཀྱི་འཁོར་ལོའི་ཆོ་ག་ (1)
Part of speech མིང་ཚིག
Definition སློབ་དཔོན་ཌོམྦི་ཧེ་རུ་ཀའི་ཞལ་སྔ་ནས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཨཱ་ཀ་ར་དང༌ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར། བསྟན་འགྱུར་རྒྱུད་ཉ་པར་བཞུགས།
ཚོགས་ཀྱི་འཁོར་ལོའི་ཆོ་ག་ (2)
Part of speech མིང་ཚིག
Definition སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག བསྟན་འགྱུར་རྒྱུད་ཝ་པར་བཞུགས།
ཚོགས་ཀྱི་འཁོར་ལོའི་ཆོ་ག་ (3)
Part of speech མིང་ཚིག
Definition སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག བསྟན་འགྱུར་རྒྱུད་མི་པར་བཞུགས།
ཚོགས་ཀྱི་འཁོར་ལོའི་ཆོ་ག་ (4)
Part of speech མིང་ཚིག
Definition སློབ་དཔོན་བྷ་བས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་གཞོན་ནུས་བསྒྱུར་ཅིང་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
ཚོགས་ཀྱི་འཁོར་ལོའི་ཆོ་ག་ (5)
Part of speech མིང་ཚིག
Definition མ་ཧཱ་པཎྜི་ཏ་ཨ་བྷྱ་ཀ་ར་གུཔྟས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག མ་ཧཱ་པཎྜི་ཏ་ཤྲཱི་རཏྣ་རཀྵི་ཏའི་ཞལ་སྔ་ནས་སོ། །བསྟན་འགྱུར་རྒྱུད་ཟི་པར་བཞུགས།
ཚོགས་ཀྱི་འཁོར་ལོའི་ཆོ་ག་ (6)
Part of speech མིང་ཚིག
Definition སློབ་དཔོན་ནག་པོ་པས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག རྒྱ་གར་གྱི་མཁན་པོ་ཀྲྀ་ཥྞ་པ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་པ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཟི་པར་བཞུགས།
ཚོགས་ཀྱི་འཁོར་ལོའི་ཆོ་ག་ (7)
Part of speech མིང་ཚིག
Definition པཎྜི་ཏ་བཟང་པོ་སྦྱིན་པས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག རྒྱ་གར་གྱི་མཁན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར། བསྟན་འགྱུར་རྒྱུད་ཟི་པར་བཞུགས།
ཚོགས་ཀྱི་འཁོར་ལོའི་ཆོ་ག་ (8)
Part of speech མིང་ཚིག
Definition དཔལ་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་རྨད་དུ་བྱུང་བ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།