59241
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལམ་ལྔའི་ཡ་གྱལ་ཚོགས་ལམ་སྟེ། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་ཐར་པ་ཆ་མཐུན་གྱི་དགེ་བས་བསྡུས་པའི་ཚིགས་རྒྱ་ཆེན་པོ་གསོག་པར་བྱེད་ཅིང་། བདག་མེད་ཐོས་བསམ་གྱི་སྒོ་ནས་སྒྲ་སྤྱི་དང་དོན་སྤྱི་ཚུལ་དུ་རྟོགས་པ་དང་། དྲན་པ་ཉེར་བཞག་བཞི་དང་། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་རྐང་པ་བཞི་བཅས་བསྒོམས་པས། སྤང་བྱ་ཤིན་ཏུ་རགས་པ་འཁོར་བར་སྡུག་བསྔལ་སྐྱེད་བྱེད་རྣམས་རྣམ་པར་སུན་འབྱིན་པའི་ཚུལ་གྱིས་སྤོང་ཞིང་། སྤྱན་དང་། མངོན་ཤེས། ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐོབ་པར་བྱེད་པའི་ལམ་མོ། ། |
| Domain | ཆོས་ལུགས། |