59250

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་གཉིས་ (1)
Part of speech མིང་ཚིག
Definition ཚོགས་ཀྱི་ངོ་བོ་ནི། སཾ་བྷ་ར་ཞེས་པའི་སཾ་སནྟ་ནི་རྒྱུན་དུ། བྷ་བྷ་བ་ནི་བསྒོམ་པ་ཐོབ་པ། ར་ར་ཏི་ནི། ཡང་ནས་ཡང་དུ་སྒྲུབ་པ་སྟེ། རྒྱན་ལས། རྒྱུན་དུ་སྒོམ་པ་ཐོབ་ནས་ནི། །དགེ་ལ་ཡང་དང་ཡང་དུ་སྒྲུབ། །ཅེས་སོ། །དེའང་ཕར་ཕྱིན་དྲུག་གི་དགེ་བར་སྒྲུབ་པ་སྟེ། ཕར་ཕྱིན་དང་པོ་གཉིས་བསོད་ནམས་ཀྱི་ཚོགས་དང་། ཤེས་ཪབ་ཡེ་ཤེས་ཀྱི་ཚོགས་དང་། གཞན་གཉིས་ཀའི་ཚོགས་ཡིན་པའི་ཚུལ་དང་། ཡང་ཕར་ཕྱིན་དང་པོ་ལྔ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་ན་ཡེ་ཤེས་ཚོགས་དང་། ཤེས་རབ་ཀྱང་ཐབས་ཀྱིས་ཟིན་ན་བསོད་ནམས་ཀྱི་ཚོགས་ཡིན་པའི་ཚུལ་གཉིས་གསུངས་སོ། ། གཉིས་སུ་ངེས་པ་ནི། འབྲས་བུ་སྐུ་གཉིས་དང་། ཡུལ་བདེན་པ་གཉིས་དང་། ངོ་བོ་མཚན་མ་དང་བཅས་པ་དང་མཚན་མ་མེད་པས་ངེས་པ་ཡིན་ནོ། །གང་གིས་བསག་པའི་རྒྱུ་ནི། སྒྲུབ་པ་སྟོབས་དང་ལྡན་པའི་ཁྱད་པར་ལྔས་གསོག་པ་ཡིན་ཏེ། རྟེན་གྱི་ཁྱད་པར་སྟོབས་ཆེ་བ་དགེ་སློང་། རྟེན་དེའི་བསམ་པའི་ཁྱད་པར་སྟོབས་ཆེ་བ་རང་དགེ་བ་གང་བྱེད་པ་ལ་གཞན་ཡང་བསྐུལ་བ་དང་དེའི་བསྔགས་པ་བརྗོད་པ་དང་། གཞན་བྱེད་པ་ལ་རྗེས་སུ་བསྟོད་པ་སྟེ་སྒོ་བཞི་ལྡན། སྦྱོར་བ་དེའི་བྱེད་པ་སྟོབས་ཆེ་བ་ནི་བརྩོན་འགྲུས་བརྩམ་པ། དེའི་མཁས་པ་སྟོབས་ཆེ་བ་ནི་བྱ་བ་ཐམས་ཅད་ལ་རྟོག་པ་སྔོན་དུ་གཏོང་བ་དང་། ལས་དང་བྱེད་པའི་ཚོད་རིག་པ་དང་། འཇུག་ལྡོག་ལ་བག་ཡོད་པ་ཡིན་པར་གསུངས་སོ། །རྒྱུ་དེས་ཚོགས་ཇི་ལྟར་བསག་པ་ནི། ཀུན་རྫོབ་ལ་དམིགས་པའི་ཐབས་ཀྱིས་བསོད་ནམས་གཙོ་བོར་བསག་པ་དང་། དེ་ནས་དོན་དམ་པ་དམིགས་པའི་ཤེས་རབ་ཀྱིས་ཡེ་ཤེས་གཙོ་བོར་བསག་པ་དང་། ཚོགས་གཉིས་སྒྲུབ་པའི་ཀུན་ཏུ་སྤྱོད་པའོ་ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།
ཚོགས་གཉིས་ (2)
Part of speech མིང་ཚིག
Definition སངས་རྒྱས་སྒྲུབ་པའི་རྒྱུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི་གཉིས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །ཞེས་བྱུང་།
ཚོགས་གཉིས་ (3)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་ལས་བྱུང་བ་སྟེ། བསོད་ནམས་ཀྱི་ཚོགས། ཡེ་ཤེས་ཀྱི་ཚོགས་སོ། །
ཚོགས་གཉིས་ (4)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཉོན་མོངས་པའི་ཚོགས། ལས་ཀྱི་ཚོགས་སོ། །