59251
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། སྔགས། རྣལ་འབྱོར་བླ་མེད་རྒྱུད། འཕགས་པ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་སོགས་སྤྱོད་པ་ཐམས་ཅད་རོ་མཉམ་དུ་གྱུར་པ་ནི། ཚོགས་གཉིས་ཟུང་འཇུག་དངོས་དང་ཚོགས་གཉིས་གཞི་མཐུན་པ་ཡིན་ནོ། །དཔེར་ན་བྱང་ཆུབ་སེམས་དཔའི་གཏོང་སེམས་དེ། སེམས་ཅན་བདེ་ཞིང་སྨིན་པར་བྱེད་པས་བསོད་ནམས་ཀྱི་ཚོགས་ཀྱང་ཡིན། གཏོང་སེམས་དེ་ཁོ་ནས་གཏོང་ཐུབ་ཀྱི་དངོས་པོ་རྣམས་གཙོ་བོར་གྱུར་པའི་ཆོས་དང་གང་ཟག་སྟོང་པར་རྟོགས་པའི་ཕྱིར། ཡེ་ཤེས་ཀྱི་ཚོགས་ཀྱང་ཡིན་ནོ། །དེས་གཞན་རྣམས་ལའང་མཚོན། དེའི་ཚེ་སྦྱིན་པའི་ལྡོག་ཆ་བསོད་ནམས་དང། དེ་ཁོ་ན་ཉིད་རིག་པའི་ལྡོག་ཆ་ནས་ཡེ་ཤེས་ཡིན་གྱི། གཏོང་སེམས་དང་དེ་ཁོ་ན་ཉིད་དེ་གཉིས་རིག་པ་རྫས་ཐ་དད་མེད་དེ་ངོ་བོ་གཅིག་ཡིན། དེས་གཞན་རྣམས་ལ་འགྲེའོ། །ཞེས་བྱུང་། |
| Domain | ཆོས་ལུགས། |