59253

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་གཉིས་ཁྱད་པར་ཅན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་དང་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། འོན་ཀྱང་ཚོགས་གཉིས་ཁྱད་པར་ཅན་ནི་གཙོ་བོར་སངས་རྒྱས་ཀྱི་སའི་མཁྱེན་གཟུགས་ཀྱི་ཡོན་ཏན་འགྲུབ་བྱེད་ཀྱི་རྒྱུའི་ཆ་ནས་འཇོག་དགོས་ཏེ། རང་དོན་སྟོབས་སོགས་མ་འདྲེས་པའི་མཁྱེན་པའི་ཡོན་ཏན་བཅོ་བརྒྱད་གཙོ་བོར་འགྲུབ་བྱེད་ཀྱི་ཆ་ནས་ཡེ་ཤེས་ཀྱི་ཚོགས་དང༌། གཞན་དོན་གཟུགས་ཀྱི་སྐུ་དང་དེའི་ཡོན་ཏན་མཚན་དཔེ་སོགས་གཙོ་བོར་འགྲུབ་བྱེད་ཀྱི་ཆ་ནས་བསོད་ནམས་ཀྱི་ཚོགས་བཞག་པ་ཡིན་པའི་ཕྱིར་དང༌། ཚོགས་གཉིས་པོ་རང་རང་གི་ལག་རྗེས་མི་འདྲ་བ་རེ་འཇོག་པའི་ཆ་ནས་དེ་གཉིས་སོ་སོར་བཞག་པ་ཙམ་ལས་དེ་གཉིས་པོ་འགལ་བ་ཡང་མ་ཡིན་ཏེ། གཟུགས་སྐུ་འགྲུབ་བྱེད་བསོད་ནམས་ཀྱི་ཚོགས་ཀྱིས་ཆོས་སྐུ་འགྲུབ་བྱེད་ཀྱི་རྒྱུ་དང༌། ཆོས་སྐུ་འགྲུབ་བྱེད་ཡེ་ཤེས་ཀྱི་ཚོགས་ཀྱིས་གཟུགས་སྐུ་འགྲུབ་བྱེད་ཀྱི་རྒྱུ་ཡང་བྱེད་པའི་ཕྱིར་ཏེ། རྣམ་གཟིགས་མར་མེ་རིན་ཆེན་གཙུག ། ཅེས་སོགས་དང༌། གང་ནས་བྱང་ཆུབ་སེམས་དཔའ་ཡིན། །ཞེས་སོགས་རྩ་འགྲེལ་རྣམས་ཀྱི་ཤུགས་ཀྱིས་གྲུབ་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།