5926

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་ཟག་རང་དབང་ཅན་མ་ཡིན་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པ་དང་ལྔ་ཕྲུགས་ཉེར་གཅིག་པོ་གང་ཡང་མི་ལྡན་པའི་དགེ་སློང་དག་ཡིན་ནོ། །དེའི་དོན་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་དུ་ལོ་བཅུ་ལོན་ཞིང་། ལྔ་པ་ཉེར་གཅིག་པོ་གང་རུང་དང་ལྡན་པའི་གང་ཟག་དེ། གང་ཟག་རང་དབང་ཅན་ཡིན། དེ་ལས་གཞན་པའི་རབ་བྱུང་རྣམས་གང་ཟག་རང་དབང་ཅན་མ་ཡིན་པའི་ཕྱིར། དང་པོ་ཡིན་ཏེ། གང་ཟག་དེས་གཞན་གྱི་མཁན་པོ་དང་། གནས་ཀྱི་སློབ་དཔོན་བྱ་རུང་ཞིང་། རང་ཉིད་གནས་ཀྱི་བླ་མ་གཞན་ལ་ལྟོས་མི་དགོས་པའི་ཕྱིར་རོ། །གཉིས་པ་ཡིན་ཏེ་བརྟན་མཁས་ཀྱི་ཡོན་ཏན་དང་མི་ལྡན་པའི་གང་ཟག་དེས་གཞན་གྱི་མཁན་པོ་སོགས་བྱ་མི་རུང་ཞིང་རང་ཉིད་གནས་ཀྱི་བླ་མ་གཞན་ལ་ལྟོས་དགོས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།