5930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་ཟག་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ངེས་པར་འབྱུང་བའི་དབྱེ་བས་གང་ཟག་གསུམ་ནི། ཉན་ཐོས་ཀྱི་ཐེག་པ། རང་སངས་རྒྱས་ཀྱི་ཐེག་པ། ཐེག་པ་ཆེན་པོ་བའོ། །
Domain ཆོས་ལུགས།
གང་ཟག་རྣམ་པ་གསུམ་ (2)
Part of speech མིང་ཚིག
Definition ཉེ་བར་སྟོན་པའི་དབྱེ་བས་གང་ཟག་གསུམ་སྟེ། ཚོགས་མ་བསགས་པ། ཚོགས་བསགས་པ་དང་ཚོགས་མ་བསགས་པ། ཚོགས་བསགས་པའོ། །
གང་ཟག་རྣམ་པ་གསུམ་ (3)
Part of speech མིང་ཚིག
Definition མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ། མི་ཤེས་པའི་གང་ཟག་ནི། ཐེག་པ་ཆེན་པོའི་དོན་དང་། ཚིག་གང་ཡིན་པ་ཁོང་དུ་མ་ཆུད་པའོ། །ཐེ་ཚོམ་དུ་གྱུར་པའི་གང་ཟག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་དེ་དག་ཐེག་པ་ཆེན་པོ་ཡིན་ནམ། འོན་ཏེ་མ་ཡིན་སྙམ་དུ་བློ་གཉིས་ལ་འཇུག་པའོ། །ཕྱིན་ཅི་ལོག་ཏུ་གྱུར་པའི་གང་ཟག་ནི། ཐེག་པ་ཆེན་པོ་འདི་ཐེག་པ་ཆེན་པོ་མ་ཡིན་གྱི་ཉན་ཐོས་ཀྱི་ཐེག་པ་ལ་ཐེག་པ་ཆེན་པོ་ཡིན་ཞེས་འཛིན་པའོ། །
གང་ཟག་རྣམ་པ་གསུམ་ (4)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ བྱ་བ་མ་ཡིན་པ་རང་གི་བྱ་བར་བྱེད་པ་ནི། གང་ཟག་གང་སྡིག་པའི་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་བྱ་བ་མ་ཡིན་པ་རང་གི་བྱ་བ་བྱེད་པའི་གང་ཟག་ཅེས་བྱའོ། །དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། ། ༢ བྱ་བ་རང་གི་བྱ་བར་བྱེད་པ་ནི། གང་སྡིག་པའི་སྤྱོད་པས་འཇིགས་ཤིང༌། དགེ་བའི་སྤྱོད་པ་ཡང་དག་པར་བླངས་ནས་འདུག་པ་དེ་ནི་བྱ་བ་རང་གི་བྱ་བར་བྱེད་པ་ཞེས་བྱའོ། །དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། ། ༣ གཞན་གྱི་བྱ་བ་རང་གི་བྱ་བར་བྱེད་པ་ནི། བྱང་ཆུབ་སེམས་དཔའ་ནི་གཞན་གྱི་བྱ་བ་རང་གི་བྱ་བར་བྱེད་པ་ཡིན་པར་བལྟ་བར་བྱའོ། །དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །
གང་ཟག་རྣམ་པ་གསུམ་ (5)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ཡང་དག་པར་བརྩོན་པའི་སོ་སོའི་སྐྱེ་བོ། སློབ་པ། མི་སློབ་པ་དང་གསུམ་མོ། །
གང་ཟག་རྣམ་པ་གསུམ་ (6)
Part of speech མིང་ཚིག
Definition འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་བཅོམ་ལྡན་འདས། རང་རྒྱལ་བ། དགྲ་བཅོམ་པའོ། །
གང་ཟག་རྣམ་པ་གསུམ་ (7)
Part of speech མིང་ཚིག
Definition དཔལ་ཁམས་བྱང་ལས་བྱུང་བ་སྟེ། ༡ ཆོས་ཀྱི་མཚན་ཉིད་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་སེམས་མ་ངེས་པ་ནི་ཐེ་ཚོམ་ཅན་གྱི་གང་ཟག་གོ ། ༢ ཆོས་རྣམས་རྟག་པ་དང༌། བདེ་བ་དང༌། གཙང་བ་དང༌། བདག་ཡོད་པར་ངེས་པར་འཛིན་པ་ནི་ལོག་པར་ཤེས་པའི་གང་ཟག་གོ ། ༣ ཆོས་ཀྱི་མཚན་ཉིད་མི་རྟག་པ་དང་དང༌། རྟག་པ་ལ་སོགས་པ་གང་གི་རྒྱུས་ཀྱང་མི་ཤེས་པ་ནི་མི་ཤེས་པའི་གང་ཟག་ཅེས་བྱ་བའོ། །
གང་ཟག་རྣམ་པ་གསུམ་ (8)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བ་སྟེ། ལྷག་པའི་དད་པ་ཅན་ནི། གོ་བར་ངེས་པར་འགྱུར་བའོ། །ལྷག་པའི་བརྩོན་འགྲུས་ཅན་ནི། རྣམ་པར་སྤྲོས་པས་གོ་བར་འགྱུར་རོ། །ལྷག་པའི་ཤེས་རབ་ཅན་ནི། མགོ་སྨོས་པས་གོ་བར་འགྱུར་རོ། །