From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚོགས་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། སེར་སྣའི་སེམས་མེད་པས་སྦྱིན་པའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ། དགེ་བའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ཚུལ་ཁྲིམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ། ཆགས་པ་མེད་པའི་ཤེས་རབ་ཡང་དག་པར་སྒྲུབ་པའི་ཕྱིར་ཐོས་པའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་མངོན་དུ་བྱ་བའི་ཕྱིར་ཞི་གནས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ། རིག་པ་གསུམ་གྱིས་རིག་པ་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ལྷག་མཐོང་གི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ། མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་སྦྱང་བའི་ཕྱིར་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ། སེམས་ཅན་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་ཚིམ་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བའོ། །
|
| Domain
|
ཆོས་ལུགས།
|
ཚོགས་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
སྦྱིན་པའི་ཚོགས། ཚུལ་ཁྲིམས་ཀྱི་ཚོགས། ཐོས་པའི་ཚོགས། ཞི་གནས་ཀྱི་ཚོགས། ལྷག་མཐོང་གི་ཚོགས། བསོད་ནམས་ཀྱི་ཚོགས། ཡེ་ཤེས་ཀྱི་ཚོགས། སྙིང་རྗེ་ཆེན་པོའི་ཚོགས་སོ། །
|