59303

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་བརྗོད་ཀྱི་སྒྲ་ (1)
Part of speech མིང་ཚིག
Definition ཚོགས་སྤྱི་གང་ཡང་རུང་བ་བརྗོད་བྱར་བྱེད་པའི་ཉན་བྱ་དེ་ལ་ཚོགས་རྗོད་ཀྱི་སྒྲ་ཞེས་བྱ་སྟེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། ཚོགས་བརྗོད་ཀྱི་ཉན་བྱ། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།
Domain ཚད་མ།
ཚོགས་བརྗོད་ཀྱི་སྒྲ་ (2)
Part of speech མིང་ཚིག
Definition རང་གི་བརྗོད་བྱ་རགས་པ་ཞིག་བརྗོད་པའི་སྒྲ་ཡིན་པའི་ཆ་ནས་ཀྱང་དེ་སྐད་ཅེས་བྱ་སྟེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད། ཚིག་རང་གིས་དངོས་སུ་ཟིན་པར་བསྟན་པའི་སྒྲའི་བརྗོད་བྱ་ཡིན་ན་རགས་པ་ཡིན་པ།
Example བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།
ཚོགས་བརྗོད་ཀྱི་སྒྲ་ (3)
Part of speech མིང་ཚིག
Definition རྗོད་བྱེད་ལ་བརྗོད་བྱའི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཚོགས་རྗོད་ཀྱི་སྒྲའི་མཚན་ཉིད། རང་གིས་ཟིན་པར་བརྗོད་པའི་བརྗོད་བྱ་ཡིན་ན། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པ། དཔེར་ན་རི་བོ་གངས་ཅན་ཞེས་པའི་སྒྲ་ལྟ་བུའོ། །ཞེས་གསུངས།