59323
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ དམྱལ་བ་པ་དང་ཡི་དྭགས་དང་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བ་དང༌། སངས་རྒྱས་དང་བཅས་པའི་ལྷ་དང་མི་དག་ཏུ་སྐྱེ་བ་ནི་སྙིང་རྗེའི་ཚོགས་སོ། ། ༢ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས། ༣ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས། ༤ བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས། ༥ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས། ༦ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས། ༧ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས། ༨ ཞི་གནས་ཀྱི་ཚོགས། ༩ ལྷག་མཐོང་གི་ཚོགས། ༡༠ ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ཚོགས། ༡༡ གང་ལ་ལས་མི་དམིགས་པའི་སྦྱོར་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང༌། གཞན་དག་དེ་ལ་ཡང་དག་པར་འཇོག་པ་དེ་ནི་ཐབས་ལ་མཁས་པའི་ཚོགས་སོ། །༡༢ གང་སྟོང་པ་ཉིད་ཉི་ཤུ་རྣམས་ཡོངས་སུ་ཤེས་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །༡༣ དཔའ་བར་འགྲོ་བ་རིན་ཆེན་ཕྱག་རྒྱ་དང་ནམ་མཁའ་མཛོད་དང༌། སེང་གེ་རྣམ་པར་རོལ་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ནི་བསོད་ནམས་ཀྱི་ཚོགས་སོ། །༡༤ བྱང་ཆུབ་ཀྱི་ཕྱོགས་རྣམ་པར་ཐར་པ་སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཟད་པར་ལ་སོགས་པ་ལམ་རྣམ་པ་མང་པོ་ནི་ལམ་གྱི་ཚོགས་སོགས་སོ། །༡༥ ཨ་ར་པ་ཙ་ལ་སོགས་པའི་ཡི་གེ་རྣམས་དེའི་དོན་དེ་བཞིན་ཉིད་དམིགས་ནས་སྒོམ་པར་བྱེད་ཅིང་སྒོམ་པ་ཡོངས་སུ་རྫོགས་པ་དག ཡི་གེ་དེའི་དོན་ལ་བཟོད་པ་སྐྱེད་པ་བཟོད་པའི་གཟུངས་ལ་སོགས་པ་ནི་གཟུངས་ཀྱི་ཚོགས་སོ། །༡༦ རབ་ཏུ་དགའ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་ནི་སའི་ཚོགས་སོ། ། ༡༧ མཐོང་བའི་ལམ་ལ་དེ་བཞིན་ཉིད་ལ་སོགས་པ་དང་རྨི་ལམ་ལ་སོགས་པ་གཟུང་བྱ་དངོས་པོ་རྣམས་ཉེ་བར་དམིགས་པ་ནི་བཟུང་བའི་རྟོག་པའོ། །དེ་རྣམས་རང་བཞིན་སྟོང་པ་ཉིད་རྟོགས་པ་གཉེན་པོ་དང༌། སྦྱིན་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་པ་ནི་གཉེན་པོའི་དངོས་པོ་རྣམས་ཉེ་བར་དམིགས་པ་ནི་བཟུང་བའི་རྣམ་རྟོག་གོ ། དེ་རྣམས་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་མི་དམིགས་པ་གཉེན་པོའོ་ཞེས་པ་ལ་སོགས་པ་ནི་གཉེན་པོའི་ཚོགས་སོ། ། |
| Domain | ཆོས་ལུགས། |