59327

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་ལངས་ (1)
Part of speech མིང་ཚིག
Definition དགེ་ལུགས་པ་གཙོས་བོད་ཀྱི་དགོན་པ་ཆེ་ཁག་ལ་གྲྭ་མང་འཚོགས་པའི་དབུས་སུ་མི་གཉིེས་ཡར་ལངས་ཏེ་གཅིག་གིས་སྔ་རྒོལ་ལམ་དམ་བཅའ་འཇོག་མཁན་དང་། གཅིག་གིས་ཕྱིར་རྒོལ་ལམ་རྒོལ་ལམ་སྤྲོད་མཁན་བྱས་ཏེ་མཚན་ཉིད་ཀྱི་གཞུང་ཀྱི་རྩོད་པ་བྱེེད་སྲོལ་ལ་ཟེར།
Example དགེ་བཤེས་ཁོང་གིས་ཚོགས་ལངས་བྱས་སོང། ཁོས་ཚོགས་ལངས་སྐབས་སུ་རྟགས་གསལ་ཧ་ཅང་ཡག་པོ་ཞིག་བཏང་སོང་ཞེས་པ་ལྟ་བུ།