59336

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོགས་ལམ་བསྒོམ་པ་ (1)
Part of speech མིང་ཚིག
Definition ཚོགས་ལམ་ཆུང་ངུའི་སྐབས་སུ་ལུས་དྲན་པ་ཉེར་གཞག ཚོར་བ། སེམས། ཆོས་དྲན་པ་ཉེར་གཞག་དང་བཞི་བསྒོམ་པ་ཡིན་ཏེ། རིམ་བཞིན་རང་རང་གི་དམིགས་པ་གཟུགས་ཕུང་གིས་བསྡུས་པའི་ལུས་དང་། ཚོར་བའི་ཕུང་པོ་དང་། སེམས་ཏེ་རྣམ་ཤེས་ཀྱི་ཕུང་པོ་དང་། ཆོས་ནི་ཕུང་པོ་དེ་དག་ལས་གཞན་པའི་ཆོས་རྣམས་ཡིན་པས་དེ་རྣམས་ལ་དམིགས་ནས་རང་རང་གི་སོ་སོའི་མཚན་ཉིད་དང་། འདུས་བྱས་མི་རྟག་པ་དང་། ཟག་བཅས་སྡུག་བསྔལ་བ་སོགས་ཏེ་སྤྱིའི་མཚན་ཉིད་དང་གཉིས་སུ་ཡོངས་སུ་བརྟགས་པས་བསྒོམས་པར་བྱ་བ་ཡིན་ཞིང་། དྲན་པ་ཉེར་བཞག་གི་ངོ་བོ་ནི་ཤེས་རབ་གཙོ་ཆེ་བ་ཡིན་ཏེ། མདོ་ལས། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་སྟེ། ཞེས་གསུངས་པའི་ཕྱིར་དང་། ཤེས་རབ་དེ་ཡང་ཐོས་བྱུང་བསམ་བྱུང་སྒོམ་བྱུང་གསུམ་པོ་གང་རུང་ཡིན་གྱི། སྐྱེས་ཐོབ་ནི་ནམ་ཡང་མ་ཡིན་ཏེ། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཤེས་རབ་ཐོས་སོགས་ལས་བྱུང་བའོ། །ཞེས་བཤད་པའི་ཕྱིར། དེས་ན་ཚོགས་ལམ་འབྲིང་དུ་ཡང་དག་སྤོང་བ་བཞི་དང་། ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་ཡིན། འདི་གསུམ་ཚོགས་ལམ་ཡིན་པས་སྦྱོར་བྱུང་གི་ཡོན་ཏན་ཐོས་བྱུང་སོགས་གསུམ་ག་ཡོད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།