5934

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་ཟག་རྣམ་པ་བདུན་ (1)
Part of speech མིང་ཚིག
Definition འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་གི་ཡོན་ཏན་ཆེན་པོ་དང་ལྡན་པ་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ། རང་སངས་རྒྱས་ཀྱི་བྱང་ཆུབ། དགྲ་བཅོམ་པ། ཕྱིར་མི་འོང་བ། ལན་གཅིག་ཕྱིར་མི་འོང་བ། རྒྱུན་དུ་ཞུགས་པའོ། །
Domain ཆོས་ལུགས།
གང་ཟག་རྣམ་པ་བདུན་ (2)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ལས་བྱུང་བ་སྟེ། དད་པས་རྗེས་སུ་འབྲང་བའི་གང་ཟག། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག། དད་པས་མོས་པའི་གང་ཟག། མཐོང་བས་ཐོབ་པའི་གང་ཟག། ལུས་ཀྱིས་མངོན་སུམ་དུ་བྱེད་པའི་གང་ཟག། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་གང་ཟག། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་གང་ཟག་གོ །
གང་ཟག་རྣམ་པ་བདུན་ (3)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། འདོད་ཆགས་ལ་སྤྱོད་པ། ཞེ་སྡང་ལ་སྤྱོད་པ། གཏི་མུག་ལ་སྤྱོད་པ། ང་རྒྱལ་ལ་སྤྱོད་པ། རྣམ་རྟོག་ལ་སྤྱོད་པ། ཆ་མཉམ་པ་ལ་སྤྱོད་པ། ཞན་པའི་སྡུག་བསྔལ་ཅན་ནོ། །
གང་ཟག་རྣམ་པ་བདུན་ (4)
Part of speech མིང་ཚིག
Definition སྤྱོད་པའི་དབྱེ་བས་གང་ཟག་རྣམ་པར་གཞག་པ། ངེས་པར་འབྱུང་བའི་དབྱེ་བས་གང་ཟག་རྣམ་པར་གཞག་པ། ཉེ་བར་སྟོན་པའི་དབྱེ་བས་གང་ཟག་རྣམ་པར་གཞག་པ། སྦྱོར་བའི་དབྱེ་བས་གང་ཟག་རྣམ་པར་གཞག་པ། འབྲས་བུའི་དབྱེ་བས་གང་ཟག་རྣམ་པར་གཞག་པ། ཁམས་ཀྱི་དབྱེ་བས་གང་ཟག་རྣམ་པར་གཞག་པ། བྱ་བའི་དབྱེ་བས་གང་ཟག་རྣམ་པར་གཞག་པ།