59346
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ། སྤྱིན་པའི་ཚོགས་སྒྲུབ། ཚུལ་ཁྲིམས་ཀྱི་ཚོགས་སྒྲུབ། བཟོད་པའི་ཚོགས་སྒྲུབ། བརྩོན་འགྲུས་ཀྱི་ཚོགས་སྒྲུབ། བསམ་གཏན་གྱིི་ཚོགས་སྒྲུབ། ཤེས་རབ་ཀྱི་ཚོགས་སྒྲུབ། ཞི་གནས་ཀྱི་ཚོགས་སྒྲུབ། ལྷག་མཐོང་གི་ཚོགས་སྒྲུབ། ཟུང་དུ་འབྲེལ་བའི་ལམ་གྱི་ཚོགས་སྒྲུབ། ཐབས་མཁས་ཀྱི་ཚོགས་སྒྲུབ། ཡེ་ཤེས་ཀྱི་ཚོགས་སྒྲུབ། བསོད་ནམས་ཀྱི་ཚོགས་སྒྲུབ། ལམ་གྱི་ཚོགས་སྒྲུབ། གཟུངས་ཀྱི་ཚོགས་སྒྲུབ། ས་བཅུའི་ཚོགས་སྒྲུབ། གཉེན་པོའི་ཚོགས་སྒྲུབ་དང་བཅུ་བདུན་ཡོད་དེ། བརྩེ་དང་སྤྱིན་ལ་སོགས་པ་དྲུག། །ཞི་གནས་ལྷག་མཐོང་བཅས་པ་དང། །ཟུང་དུ་འབྲེལ་བའི་ལམ་གང་དང། །ཐབས་ལ་མཁས་པ་གང་ཡིན་དང་། །ཡེ་ཤེས་དང་ནི་བསོད་ནམས་དང། །ལམ་དང་གཟུངས་དང་ས་བཅུ་དང། །གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་ན་ཡོད་དོ། ། |
| Domain | ཆོས་ལུགས། |