59365
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནམ་སྒོ་བཅུའི་ནང་གསེས་ཤིག་སྟེ། གཉིས་གསུམ་ཞེས་པ་ཟླ་བ་དག་གི་ཚེས་གཉིས་དང་། བཅུ་གཉིས། ཉེར་གཉིས་བཅས་ལ་ཟེར་ཞིང་། ཚེས་དེ་དག་ཏུ་ཚོང་བྱས་ན་ཉེས་ཤིང་གོད་ཁ་རྒྱུན་མི་ཆད་པས་སྤང་དགོས། གནམ་སྒོ་འདིའི་སྒྲིབ་བཅོས་ལ་བཻ་དཀར་ལས་སྒ་ལ་གླང་གི་རྨིག་པ་བཀལ། །བོང་གཟུངས་འོག་ཏུ་མི་གསུམ་མནན། །བྲེ་དང་སྲང་ཡང་སཱཙྪས་མནན། །ཁྲོལ་མ་སྦང་མས་བཀང་ལ་བཞག ། ལྷམ་ནང་ཚོང་བའི་ཟ་ཕྱེ་བླུག ། གཡག་རའི་འོག་ཏུ་མནན་བྱས་ལ། །ཟར་མའི་བཅའ་ཡོས་ནམ་མཁར་གཏོར། །རྡོ་རྗེ་མཆུ་གཟུངས་གསུང་སྒྲོག་ཅིང་། །དྷརྨའི་པོ་ཏི་ཕྱར་བས་ཐུབ། །ཚོང་རུཾ་རུཾ་གྷ་རུཾ་རུཾ་ས་བྲེ་ཧཱུཾ་ཧཱུཾ་ཝ་དེ་བ་ལ་སྭཱཧཱ། །ཞེས་གསུངས། |
| Domain | རྩིས་རིག |