59478

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོམ་བུ་གཅིག་པའི་དཀྱིལ་འཁོར་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཚོམ་བུ་གཅིག་པའི་དཀྱིལ་འཁོར་ནི། བསྒོམ་བྱ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་བྱེ་བྲག་ལྷ་ཚོགས་བཅོ་བརྒྱད་ཅན་ཞིག་སྟེ། ཕྱོགས་བཅུའི་མུན་སེལ་ལས། ཚོམ་བུ་གཅིག་པའི་དཀྱིལ་འཁོར་ནི། རིགས་ཐམས་ཅད་ཀྱི་ནང་ནས་དེ་བཞིན་ཉིད་ཀུན་ཏུ་བཟང་པོའི་རིགས་ཏེ། རིགས་ལྔའི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་རིགས་ལྔར་ཕྱེ་བའི་ཐུགས་ཀྱི་ཐུགས་ཏེ། གཙོ་བོ་རྣམ་སྣང་མཐིང་གས་བརྒྱན་པ་ནི་ཐུགས་ཀྱི་མཆོག་ལྷ་བཅུའི་དཀྱིལ་འཁོར་གྱི་མཐའ་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་ཁྲོ་བོའི་ཚོགས་དང་ལྡན་པ་ཡི་ཚོམ་བུ་གཅིག་པའི་ལྷ་བཅོ་བརྒྱད་པོ་རྣམས་བསྒོམ་པར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཚོམ་བུ་གཅིག་པའི་དཀྱིལ་འཁོར་

|; |@@@ | | }}