59479

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོམ་བུ་གསུམ་པའི་དཀྱིལ་འཁོར་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཚོམ་བུ་གསུམ་པའི་དཀྱིལ་འཁོར་ནི། བསྒོམ་བྱ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་བྱེ་བྲག་ཅིག་སྟེ། འདི་ལ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་གཉིས་སུ་གསུངས་ཤིང་། ཞི་བའི་དཀྱིལ་འཁོར་ཚོམ་བུ་གསུམ་པ་ནི། ལྷ་ཚོགས་སོ་བརྒྱད་ཅན་ཏེ། ཕྱོགས་བཅུའི་མུན་སེལ་ལས། ཚོམ་བུ་གསུམ་པའི་དཀྱིལ་འཁོར་ནི། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེ་རིགས་དང་། པདྨའི་རིགས་ཏེ། རེ་རེ་ལའང་ཡབ་ཡུམ་བཅུ་བཅུའི་རང་བཞིན་སྐུ་གསུང་ཐུགས་ཀྱི་ལྷ་སུམ་ཅུའི་དཀྱིལ་འཁོར་གྱི་མཐར་ཁྲོ་བོའི་ཚོགས་ཏེ་སྒོ་བ་ཡབ་ཡུམ་བརྒྱད་དང་ལྡན་པ་ཡི་ཚོམ་བུ་གསུམ་པའི་ལྷ་རྣམས་བསྒོམ་པར་བྱའོ། །ཞེས་དང་། ཡང་། སྒྱུ་འཕྲུལ་ཁྲོ་བོ་ལ་ནི། དེ་ཉིད་ལས། ཚོམ་བུ་གསུམ་པ་ནི། སྔ་མ་ལས་གཞན་ཡང་ན་སྐུ་མི་བསྐྱོད་པ། གསུང་འོད་དཔག་མེད། ཐུགས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་བསྒྲུབ་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་མ་ལུས་པ་བསྡུས་ན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་འདུས་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཚོམ་བུ་གསུམ་པའི་དཀྱིལ་འཁོར་

|; |@@@ | | }}