From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚོར་བ་དྲན་པ་ཉེ་བར་བཞག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། དྲན་པ་ཉེ་བར་བཞག་པ་བཞིའི་ཡ་གྱལ་ཞིག་ནང་དང་ཕྱི་དང་ཕྱི་ནང་གི་ལུས་ལ་དམིགས་ནས་བྱུང་བའི་ཚོར་བ་དང༌། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཆར་ཡང་རང་གི་མཚན་ཉིད་ནི་སྡུག་བསྔལ་བའི་མཚན་ཉིད་དེ། ཚོར་བ་སྡུག་བསྔལ་ལ་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ། ཚོར་བ་བདེ་བ་ལ་ནི་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ། ཚོར་བ་བཏང་སྙོམས་ལ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་བོ་ཞེས་བརྟགས་ཤིང་རྩེ་གཅིག་ཏུ་འཇོག་པ།
|
| Domain
|
ཆོས་ལུགས།
|
ཚོར་བ་དྲན་པ་ཉེ་བར་བཞག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག ཚོར་བ་དྲན་པ་ཉེ་བར་བཞག་པ་ནི། འོད་གསལ་སྙིང་པོ་ལས། བྱུང་ཚོར་གྱི་རྟོག་པ་བདེ་བ་ཆེན་པོའི་ཡེ་ཤེས་སུ་བསྒྱུར་བ་ཚོར་བ་དྲན་པ་ཉེ་བར་བཞག་པ། ཞེས་གསུངས།
|