5952
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། མ་མ་སུམ་བཅུས་རང་འཇུག༌བྲལ་གྱིས་དབྱུང་བ་དང་། གང་ཟག་སོ་སོ་ཞིང་མ་ཡིན་པར་གྱུར་པའི་སྒོ་ནས་དབྱུང་བའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་གང་ཟག་སོ་སོའི་རང་འཇུག༌བྲལ་གྱིས་དབྱུང་བ་ལ་གཉིས་སུ་ཡོད་དེ། མ་མ་སུམ་བཅུས་རང་འཇུག༌བྲལ་གྱིས་དབྱུང་བ་དང་། གང་ཟག་སོ་སོ་ཞིང་མ་ཡིན་པར་གྱུར་པའི་སྒོ་ནས་དབྱུང་བ་གཉིས་སུ་ཡོད་པའི་ཕྱིར། མ་མ་སུམ་ཅུ་ཡོད་དེ། མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད། མཚམས་ལ་ཡིད་གཉིས་ཟ་བའི་མ་མ་བརྒྱད། མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད། རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་དྲུག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྦྱོར་བས་འགྲོ་བའི་མ་མ་བཞི་དང་། ངེས་པར་བྱེད་པའི་མ་མ་བཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འབྲེལ་མེད་གཅིག་དང་འབྲེལ་བཅས་གསུམ་ཡོད་པའི་ཕྱིར། སྦྱོར་བའི་འགྲོ་བའི་མ་མ་འབྲེལ་མེད་ཀྱི་མཚན་གཞི་ཡོད་དེ། དགེ་སློང་གིས་བདག་ཟླ་བ་ལྔར་མཚམས་ནང་འདིར་མི་ལྡོག་ཅིང་རྙེད་པ་བྱུང་བ་ཡང་མི་བླང་སྙམ་དུ་བསམ་ནས་ཡུལ་གཞན་དུ་ཕྱིན་པའི་ཚེ་མཚམས་ལས་འདས་མ་ཐག་དེའི་ཆོས་གོས་བྱིན་བརླབས་རང་ཞིག་ཏུ་འགྲོ་བ་ལྟ་བུ་ཡིན་པའི་ཕྱིར། འདི་ལ་འབྲེལ་མེད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྲ་བརྐྱང་གི་རྙེད་པ་བླང་བའི་བསམ་པ་མེད་པས་དེ་སྐད་བརྗོད་པའི་ཕྱིར། མདོ་ལས་བསྟན་ཚུལ་ཡོད་དེ། མཚམས་ལས་འདས་པ་ན་དེ་འགྲུབ་བོ། ཕྱིར་མི་འོང་བའི་སེམས་གྱིས་སོ་ཞེས་པ་ལས་གྲུབ་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |