From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚོར་བའི་རྟེན་འབྲེལ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རེག་པའི་རྟེན་འབྲེལ་གྱིས་རྐྱེན་བྱས་པ་ལས་བྱུང་བའི་རང་ཡུལ་རང་སྟོབས་ཀྱིས་མྱོང་བའི་སེམས་བྱུང་མྱོང་བ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་བདུན་པ་གང་ཞིག སེམས་མྱོང་བའི་རྣམ་པ་ཅན་དུ་བྱེད་པའི་སེམས་བྱུང་དེ། བདུན་པ་ཚོར་བའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དྲུག་ཡོད། ཡང་སྤྱི་དོན་ལས། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཚོར་བའི་རྟེན་འབྲེལ་ཡོད་དེ། རེག་པས་ཡུལ་ཡོངས་སུ་སྤྱད་པ་ལས་སིམ་གདུང་བར་མ་གསུམ་ཅི་རིགས་པར་ཉམས་སུ་མྱོང་བའི་སེམས་བྱུང་དེ་དེ་ཡིན་པའི་ཕྱིར། དབྱེ་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དྲུག མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་མིག་ཤེས་སུ་གྱུར་པའི་ཚོར་བ་དོན་གཅིག ཅེས་གསུངས།
|
| Domain
|
ཆོས་ལུགས།
|
ཚོར་བའི་རྟེན་འབྲེལ་ (2)
| Part of speech
|
མིང་ཚིག
|
| Definition
|
ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་བདུན་པ་གང་ཞིག རང་སྟོབས་ཀྱི་མྱོང་བར་གནས་པའི་སེམས་བྱུང། དེའི་ནང་ཚན་དུ་གྱུར་པའི་བདུན་པ་ཚོར་བའི་རྟེན་འབྲེལ་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཁོ་རང་ཡིན་པར་གྱུར་པའི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནས། ཁོ་རང་ཡིན་པར་གྱུར་པའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བའི་བར་དྲུག་ཡོད། རང་གི་གཙོ་བོ་མིག་གི་རྣམ་པར་ཤེས་པའིི་འཁོར་དུ་བྱུང་བའི་ཚོར་བ་དང། མིག་གི་འདུས་ཏེ་པའི་རྐྱེན་གྱི་ཚོར་བ་དོན་གཅིག་པ་ནས། རང་གི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དོན་གཅིག་པའི་བར་རྣམས་ཡིན། ཕུང་པོ་ནི་ཚོར་བའི་ཕུང་པོར་འདུས་སོ། །
|