59642
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམ་པ་འདི་བ་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་ཡོས་ཕྱི་ལོ་ ༡༧༡༡ ལོར། སྦོ་རད་ཐུ་རུ་ཡབ་ཛ་ཡ་དང་ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་ལྔ་སྟེང་བོད་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་ཁག་ལ་ཐུགས་གཉེར་གྱིས་བཀའ་བཅུའི་མཚན་བཏགས་བཞེས། དགུང་ལོ་ཉི་ཤུ་སྟེང་རྒྱལ་མཆོག་བདུན་པ་ཆེན་པོ་ལས་བསྙེན་པར་རྫོགས། ཡུལ་མི་མཐོ་དམན་བླ་དཔོན་ཀུན་གྱིས་ཡུལ་ཕྱོགས་སུ་ཆིབས་ཞལ་བསྒྱུར་དགོས་ཀྱི་ར་བསྐུལ་ལྟར་ཕྱི་ལོ་ ༡༧༣༡ ལོར་སྦོར་རད་ཐུ་ལ་ཕེབས་ཏེ་གཙུག་ལག་ཁང་བཞེངས་ནས་མཚན་ལ་དཔལ་ལྡན་འབྲས་སྤུངས་ཞེས་བཏགས། ཨོང་གོད་ཅེས་པ་རྟ་ལུག་སོགས་སྲོག་ཆགས་བསད་དེ་དམར་མཆོད་འབུལ་ཚུལ་ལཡོད་པ་འདི་བས་ཐབས་ཀྱིས་མེད་པར་བཏང། ཨུ་རུ་སུའི་རྒྱལ་མོས་གདན་ཞུས་ལྟར་ཕྱི་ལོ་ ༡༧༦༨ ལོར་ཨོ་རུ་སུའི་རྒྱལ་ཁང་དུ་རྒྱལ་མོ་དང་མཇལ་འཕྲད་མཛད། ཕྱི་ལོ་ ༡༧༧༦ ལོར་དགོངས་པ་རྫོགས། |