59696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཛམ་བྷ་ལ་ (1)
Part of speech མིང་ཚིག
Definition ནོར་ལྷ་ཞིག་སྟེ། ནོར་གྱི་དབང་ཕྱུག་ལ་ལེགས་སྦྱར་གྱི་སྐད་དུ་ཛམ་བྷ་ལ་དང་། བོད་འགྱུར་དུ་རྨུགས་འཛིན་ཞེས་པའོ། །དེ་ཡང་། སྔོན་དགེ་སློང་ལྷས་བྱིན་གྱིས་སྟོན་པ་ལ་སྒྱོགས་རྡོ་འཕངས་པ་དང་། གསང་བདག་གིས་འགོག་པར་ཕྱག་གི་རྡོ་རྗེ་འཕངས་པས། སྒྱོགས་རྡོ་དུམ་བུ་སྟོང་དུ་གཏོར་བྱུང་བའི་ཚལ་བ་ཞིག་སྟོན་པའི་ཞབས་ཀྱི་མཐེ་བོང་ལ་ཕོག་པས་ཁྲག་བྱུང་། ཡང་ཚལ་བ་ཞིག་ནོར་ལྷའི་དབུར་ཕོག་པས་གནོད་པ་དང་ལྡན་པས་ན། རྨུགས་འཛིན་ཟེར། སྟོན་པའི་ཞབས་མཚལ་བདུད་རྩིར་གྱུར་ནས། ཛམ་བྷ་ལའི་དབུ་ལ་བབས་པས་རྨ་སོས་སྐད།
Domain ཆོས་ལུགས།
Synonyms རྨུགས་འཛིན། གནོད་གནས། སྔོན་གྱི་གནོད་སྦྱིན། ཆུ་ཡི་ཐུབ་པ། ནེའུ་ལེ་འཛིན། ནོར་གྱི་དབང་ཕྱུག ཆུ་ཡི་དབང་པོ། ཆུ་ལ་གནས། ནོར་བུ་བཟང་པོ།

{{#arraymap:ཛམ་བྷ་ལ་

|; |@@@ | | }}