59752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཛཱ་ཏྲི་ཀ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་ཨ་ར་འདྲ་བའི་རྩ་ཕྲན་ཡིན་པ་དང༌། སྡོང་པོ་སྨུག་ནག་ཕྲ་ལ་འཁྱོག་པའི་སྟོད་ཆ་ནས་ཡལ་ག་གསུམ་བཞི་ཙམ་གྱེས་པ། ལོ་མ་སྒོང་དབྱིབས་ཀྱི་མཐར་ཉག་ག་སོག་ལེའི་སོ་ལྟ་བུ་ཡོད་ལ་རྩེ་རྣོ་བ་རིམ་པས་ཡལ་སྡོང་སྟེང་སྐྱེ་བ། མེ་ཏོག་ཟིང་དམར་དང༌། ཟིང་དཀར། ཟིང་སྨུག་ངེས་མེད་ཅི་རིགས་ལ་དྲིལ་གཟུགས་ཅན་ཉག་ག་བཞི་ཡོད་པ་རྐྱང་པར་ཡལ་སྡོང་གི་རྩེར་འཆར་བ། ཡལ་རྗེས་འབྲས་བུ་རིལ་ལ་རྩེ་ཅུང་རྣོ་བའི་ནང་འབྲུ་གུ་ནག་ཞིབ་མང་པོ་ཡོད་པ་ཞིག་སྟེ། རང་ལྗོངས་སོགས་ཀྱི་སྐམ་ཤས་ཆེ་བའི་རི་ལྡེབས་བྲག་འོག་དང༌། རི་མ་ཐང་གི་གྲོག་ཤུལ་བཅས་སུ་སྐྱེ་བ་མང༌། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་པས་བད་རླུང་གི་ནད་སེལ་བ་ཡིན།
Foreign རྒྱ་གར།