5981
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། སྟ་གོན་གྱི་སྐབས་སུ་ཐོབ་པ། འཇུག་པའི་སྐབས་སུ་ཐོབ་པ། དངོས་གཞིའི་སྐབས་སུ་ཐོབ་པའོ། །དང་པོ་ནི། སོ་ཐར་དང་། བྱང་སེམས་རྒྱུན་བཤགས་ཀྱི་སྐབས་སུ་ཐོབ་པ་དང་། སྔགས་སྡོམ་གྱི་རང་ལྡོག་གནས་གསུམ་བྱིན་བརླབས་ཀྱི་སྐབས་སུ་ཇི་ཙམ་ཐོབ་པ་ཐམས་ཅད་སྐབས་འདིར་སྔགས་སྡོམ་གྱི་ངོ་བོར་སྐྱེ་བའོ། །གཉིས་པ་ལ་ཕྱི་འཇུག་གི་འདོད་པ་དྲིས་པའི་ལན་དང། ཟླ་བ་རྡོ་རྗེ་ངོ་སྤྲད་པའི་སྐབས་སུ་ཐོབ་པ་དང། ནང་འཇུག་གི་དམ་བཞག་དང། ཡེ་ཤེས་དབབ་པ་དང་། དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པའི་སྐབས་སུ་ཐོབ་པ་རྣམས་ལ། རྗེ་བཙུན་རྩེ་མོས། ལྷ་དང་སྐལ་པ་མཉམ་པ་ཞེས་གསུངས་པའི་སྡོམ་པ་ཐོབ་པ་རྣམས་སོ། །གསུམ་པ། བུམ་པའི་དབང་གི་སྐབས་སུ་ཐོབ་པ་དང། དབང་གོང་མའི་སྐབས་སུ་ཐོབ་པ་གཉིས་ནི། བླ་མེད་ཀྱི་དབང་དུ་བྱས་ལ། རྒྱུད་སྡེ་འོག་མ་གསུམ་ལ་རང་རང་གི་དབང་གི་དངོས་གཞིའི་སྐབས་སུ་ཐོབ་པ་རྣམས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་སྤྱི་དོན་ཀུན་གསལ་ནོར་བུའི་ཕྲེང་བ་ལས། སྔགས་སྡོམ་ལ་དབྱེ་ན། སྟ་གོན་གྱི་གནས་སྐབས་སུ་ཐོབ་པ། འཇུག་པའི་གནས་སྐབས་སུ་ཐོབ་པ། དངོས་གཞིའི་གནས་སྐབས་ཐོབ་པ་དང་གསུམ། དང་པོ་ནི་སྟ་གོན་གྱི་གནས་སྐབས་སུ་རྒྱུན་བཤགས་ཀྱི་རྗེས་ཟློས་ལན་གསུམ་བྱས་པ་ལས་ཐོབ་པའི་སོར་སྡོམ། བྱང་སྡོམ་གཉིས་དང་། གནས་གསུམ་བྱིན་རླབས་ཀྱི་སྐབས་སུ་རྡོ་རྗེ་མ་སྐུ་གསུམ་གྱི་ས་བོན་ཐེབས་པའི་སྡོམ་པ་རྣམས་སོ། །གཉིས་པ་ནི། ཕྱི་འཇུག་གི་ཟླ་བ་རྡོ་རྗེ་ངོ་སྤྲད་པའི་སྐབས་སུ་ཐོབ་པའི་ནང་གི་སེམས་བསྐྱེད་པ་དང་། ནང་འཇུག་གི་ཡེ་ཤེས་དབབ་པའི་དམིགས་པ་ཕོག་པ་ལ་བརྟེན་པའི་སྔགས་སྡོམ་ལྟ་བུའོ། །གསུམ་པ་ནི། བྱ་རྒྱུད་ཀྱི་དབང་གི་དངོས་གཞིའི་གནས་སྐབས་སུ་ཐོབ་པ། སྤྱོད་རྒྱུད་ཀྱི་དབང་གི་དངོས་གཞིའི་གནས་སྐབས་སུ་ཐོབ་པ་སོགས་བཞི་ལས། དང་པོ་ནི། བྱ་རྒྱུད་ཀྱི་ཆུ་དང་ཅོད་པན་གྱི་དབང་ལ་བརྟེན་ནས་ཐོབ་པའི་སྔགས་སྡོམ་ལྟ་བུའོ། །གཉིས་པ་ནི། སྤྱོད་རྒྱུད་ཀྱི་ཆུ་དབང་སོགས་དབང་ལྔ་པོ་དེ་དང་དེ་ལ་བརྟེན་ནས་ཐོབ་པའི་སྔགས་སྡོམ་ལྟ་བུའོ། །གསུམ་པ་ནི། རྣལ་འབྱོར་རྒྱུད་ཀྱི་ཆུ་དབང་སོགས་ལྔ་དང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་པོ་དེ་དང་། དེ་ལ་བརྟེན་ནས་ཐོབ་པའི་སྔགས་སྡོམ་ལྟ་བུའོ། །བཞི་པ་ནི། བླ་མེད་ཀྱི་དབང་གི་དངོས་གཞིའི་སྐབས་སུ་ཐོབ་པ་ལ། བུམ་དབང་གི་སྐབས་སུ་ཐོབ་པ་དང་། དབང་གོང་མའི་སྐབས་སུ་ཐོབ་པ་གཉིས་སོ་ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |