59848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཛཿཀ་དགོན་ (1)
Part of speech མིང་ཚིག
Definition ཛཿཀ་དགོན་གསང་སྔགས་རབ་བརྟན་གླིང་ནི་ཡུལ་འབའ་རོང་ཕྱོགས་སུ། ཡི་དམ་རྟ་ཕག་ཡབ་ཡུམ་དང་། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད། ཛམ་ལྷ་ཉེར་གཅིག ཚེ་རིང་མཆེད་ལྔ་སོགས་ཀྱི་གནས་རི་ཁྱད་པར་ཅན་དུ་མས་བསྐོར་བའི་དབུས། ས་གྲུབ་བཞི་དཀྱིལ་འཁོར་ལྟ་བུའི་ལྟེ་བར་རྡོ་ཕ་བོང་སྟེང་ཛཿདང་ཀ་ཡིག་རང་བྱོན་ཡོད་པའི་ས་དེར། རབ་བྱུང་བདུན་པའི་ནང་ལ་ཀཿཐོག་པ་དཔལ་འབར་ནམ་མཁའ་རྒྱ་མཚོའི་སློབ་མ་ཀོ་མོ་ཆོས་ཉིད་རྒྱ་མཚོ་ལ་ཆོས་སྐྱོང་གིས་ལུང་བསྟན་ནས་དགོན་གནས་ཐོག་མར་བཏབ་པའི་སྐབས་ཨུ་ཕྲུག་བླ་མ་རྟོགས་ལྡན་དེར་ཕེབས་ནས་ས་འདུལ་མཛད་དེ་ཛཿཀ་གསང་སྔགས་རབ་བརྟན་གླིང་ཞེས་པའི་མཚན་བཏགས། ཀློང་གསལ་སྙིང་པོ་སྡེ་དགེ་རྒྱལ་པོ་སངས་རྒྱས་བསྟན་པ་དང་མཆོད་ཡོན་གྱི་འབྲེལ་བ་ཆགས་ནས་དགོན་འདི་ལ་རྣམ་དཀར་གྱི་མཆོད་ཐེབས་འཁོར་དུད་ཉེར་ལྔ་དང་ཆོས་སྤྱོད་བཅུའི་འདུས་སྡེའི་སྲོལ་བཟང་གི་ཆོས་ཁྲིམས་བཀའ་ཤོག་ལས་ཐམ་བཅས་ཐོབ། ཀློང་གསལ་སྙིང་པོའི་རིགས་དབོན་བཀྲ་ཤིས་ཕུན་ཚོགས་ནས་གདན་རབས་གསུམ་པའི་འགན་འཛིན་གནང་། དེ་སྐབས་དགོན་པར་ལྷ་སྡེ་དུད་ཚང་བརྒྱ་ལྷག་ཡོད། གྲྭ་པ་དྲུག་ཅུ་ཁ་ལྷག་ཡོད། སྐུ་ཚེ་ཧྲིལ་པོར་བསྙེན་སྒྲུབ་གཙོ་བོར་མཛད་པ་དང་། སྟོན་པ་གཙོ་འཁོར་དང་གནས་བརྟན་ལ་སོགས་པར་ཁང་བླུགས་མ་སྤུས་ལེགས་གསར་དུ་བཞེངས། གཞན་སྟོན་པ་གཙོ་འཁོར་དང་བཀའ་བསྟན་སོགས་ཀྱི་དཔེ་ཆ་དང་། ཀར་གླིང་ཞི་ཁྲོ་སོགས་ཀྱི་སྒྲུབ་ཁག་མང་པོ་བཙུགས། དེ་རྗེས་གདན་རབས་བཞི་པ་སྤྲུལ་སྐུ་ཨོ་རྒྱན་འཇམ་དབྱངས་དང་། གདན་རབས་དྲུག་པ་གུ་རུ་རྒྱལ་མཚན་བཅས་ཀྱིས་བསྐྱངས། དགོན་པ་འདིར་རྗེ་དབོན་བཀྲ་ཤིས་ཕུན་ཚོགས་སྐུ་དུས་ནས་སྔོན་འགྲོ། རྩ་རླུང་སོགས་དགུན་ཆོས་དང་། སྤྱོད་འཇུག་སྡོམ་གསུམ་སོགས་དབྱར་ཆོས། ཡིག་བྲིས་དང་དག་ཡིག སྨན་རྩིས་སོགས་རིག་གནས། ཀློང་གསལ་གཙོ་བོར་གྱུར་པའི་བཀའ་གཏེར་རྣམས་ཀྱི་གདངས་དབྱངས་བཅའ་བཟོ། ཐིག་ཚོན་ལག་ལེན་བཅས་ཕྱག་སྲོལ་རྣམས་མ་ཉམས་པར་ཡོད་ཀྱང་དུས་འགྱུར་སྐབས་ཐམས་ཅད་མིང་ཙམ་དུ་བྱས། ད་ལྟ་དབྱར་དགུན་གྱི་དུས་མཆོད་མ་ཆད་ཙམ་དང་། དགུ་གཏོར་དང་། ཚེས་བཅུའི་འཆམ་གར་སོགས་ཡོད།

{{#arraymap:ཛཿཀ་དགོན་

|; |@@@ | | }}