59849
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་ཛཿསྤྲུལ་གོང་མ་བསོད་ནམས་རྣམ་རྒྱལ་གྱི་གདུང་བརྒྱུད་དུ་འཁྲུངས། ཀུན་མཁྱེན་ཆོས་ཀྱི་བློ་གྲོས་དང༌། གྲུབ་ཆེན་པདྨ་བདུད་འདུལ། རིག་འཛིན་བསོད་ནམས་དཔལ་ལྡན། འཇམ་མགོན་མཁྱེན་ཀོང་རྣམ་གཉིས་སོགས་སྐྱེས་ཆེན་མང་པོའི་ཞབས་ལ་བཏུད། ཀཿཐོག་སྔ་རབས་པའི་གདམས་སྲོལ་ཇི་སྙེད་བཞུགས་པ་རྣམས་ཀྱི་དབང་ཁྲིད་གདམས་པ་ཡོངས་རྫོགས་དང༌། སྔ་འགྱུར་རྡོ་རྗེ་ཐེག་པའི་བརྒྱུད་སྲོལ་མ་ལུས་པ་གསན་བསམ་སྒོམ་གསུམ་གྱིས་ཉམས་ལེན་མཐར་ཕྱིན། ཀཿཐོག་པའི་སྙན་བརྒྱུད་འཛིན་པ་ཡོངས་ཀྱི་གཙུག་རྒྱན་ལྟ་བུར་གྱུར། མཁན་ཆེན་ཨ་སྟོབས་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་འོད་ཟེར། གཏེར་ཆེན་ལས་རབ་གླིང་པ། དྲི་མེད་འོད་གསལ་གླིང་པ། སི་ཏུ་ཆོས་ཀྱི་རྒྱ་མཚོ། འགྲོ་འདུལ་དཔའ་བོ་རྡོ་རྗེ། རྫ་དཀོན་མཆོག་བླ་མ་སོགས་བརྒྱུད་འཛིན་གྱི་སློབ་ཚོགས་ལམ་རྟགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་མཁས་གྲུབ་མང་པོ་དང༌། དེ་སྐབས་ཀྱི་སྐྱེས་ཆེན་དམ་པ་ཐམས་ཅད་དང་ཕན་ཚུན་ཆོས་འབྲེལ་སོགས་ཀྱིས་དགོངས་པ་གཅིག་འདྲེས་སུ་གྱུར་པའི་ལོ་རྒྱུས་མཐའ་ཡས་ལ། དེའི་སྤྲུལ་སྐུ་གཡོན་རུ་དབོན་ཚང་དུ་འཁྲུངས་པ་དང་ཤེ་པོར་འཁྲུངས་པ་གཉིས་བྱོན་ཏེན་སྐུ་སྔ་མའི་མཛད་འཕྲིན་སྐྱོང་བ་ངོ་མཚར་ཅན་བྱོན་པ་ཡིན་ནོ། ། |