From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཝ་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཡིག་གི་གསལ་བྱེད་ཉི་ཤུ་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་མཆུ་དང༌། བྱེད་པ་མཆུ་ཅུང་ཟད་སྦྱོར་ལ་ཁད་དུ་ཉེ་བའི་མགྲིན་པ། སྒྲ་འབྱིན་ཚུལ་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མོ་ཡིག་ཅིག
|
ཝ་ (2)
| Part of speech
|
མིང་ཚིག
|
| Definition
|
ཆེ་ཆུང་ཁྱི་དང་འདྲ་ཞིང་སྣ་རྩེ་འབིག་འབིག་ཅན། སྤུ་མདོག་དམར་སེར་གྲ་སྤུ་དང་ལྡན་པ། རྔ་མ་ཅུང་རིང་ཞིང་སྦོམ་པའི་རི་སྐྱེས་གཅན་གཟན་ཞིག
|
| Example
|
ཝ་རྔ་མ་ཤ་ལེར་འབྲོ་བ་ལས། །སྟག་འཛུམ་དྲུག་ཉི་ལེར་འཆི་བ་དགའ། །
|
ཝ་ (3)
| Part of speech
|
མིང་ཚིག
|
| Definition
|
ཤིང་ལྕགས་སོགས་ཀྱིས་བཟོས་པའི་ཁང་ཐོག་གི་ཆུ་འགྲོའི་སའི་གཤོང།
|
| Example
|
ཁང་པའི་ཝ་ཁར་བཟོ་བཅོས་བྱེད་པ་ལྟ་བུ།
|
ཝ་ (4)
| Part of speech
|
མིང་ཚིག
|
| Definition
|
རྟ་ཤེད་རྒྱས་པའི་སྐབས་ཀྱི་དྲུག་མདོའི་སྒང་གི་ཤུར།
|
| Type
|
ཡུལ་སྐད།
|