59918

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཝ་ཁུར་ (1)
Part of speech མིང་ཚིག
Definition ཁུར་མོང་ལ་རྒྱ་ཁུར་དང༌། ཝ་ཁུར་གཉིས་དབྱེ་བའི་རིགས་གཅིག་སྟེ། ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྐང་གཅིག་ཨ་ར་འདྲ་བའི་རྩ་ཕྲན་ཡོད་པ་དང༌། ལོ་མ་ལྗང་འཇམ་རྒྱབ་ལྗང་དཀར་ལ་མཐར་ཉག་ག་སོག་ལེའི་ཁ་འདྲ་བ་ཆུང་ཆུང་ཡོད་པ། སྡོང་པོ་ལྗང་དཀར་ལ་སྤུ་མེད་པ་འདྲོང་བ་སྟོད་ཆ་ནས་ཡལ་ག་གྱེས་པ་ལོ་སྡོང་བཅད་ན་འོ་མ་འཛག་པ། མེ་ཏོག་སེར་པོ་རྒྱ་ཁུར་གྱི་མེ་ཏོག་ལྟར་ཡལ་སྡོང་གི་རྩེར་གསུམ་བཞི་ཙམ་མཉམ་དུ་འཆར་བ། ཡལ་རྗེས་འབྲས་བུ་སྐམ་ཚག་འཇོང་ནར་ཁ་དོག་ཁམ་སྐྱ་སྤུ་འཕྲུ་དཀར་པོ་ཅན་ནམ་མཁར་འཕུར་འགྲོ་བ་སྟེ། ལོ་མ་གསར་པའི་སྐབས་ཞིང་ཁུལ་དུ་སྐྱབས་ཞེས་དཔྱིད་ཀ་བཀོག་ནས་ཐུག་པའི་ནང་བཏབ་ནས་ཚོད་མ་བྱེད་པའོ། །བོད་ཀྱི་ཞིང་ཁུལ་ཕལ་ཆེ་བའི་རྒྱ་ཤོད་དང༌། ཞིང་ནང་སོགས་བཞའ་ཚན་ཆེ་ཙམ་གྱི་སར་སྐྱེ་བ། ལོ་སྡོང་མེ་ཏོག་བཅས་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཚད་རིམས་དང༌། ཁྲག་མཁྲིས་ཀྱི་ནད་སེལ་བ། ཁྱད་པར་དང་ག་འགགས་པ་སེལ་བ་ཡིན།