59973

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཝང་ཀུན་དགའ་ལེགས་པའི་འབྱུང་གནས་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་སྤྲེལ་ཕྱི་ལོ་ ༡༣༠༨ ལོར་རེ་མདའ་ལ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་ལྷ་གཅིག་ཉི་མ་རིན་ཆེན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས། ཕ་ཆོས་རྒྱ་ཆེར་བསྩལ། དད་ལྡན་བུ་སློབ་མང་དུ་བྱུང་། ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་པོ་ཐོ་གྭན་ཐེ་མུས་སའི་ལེན་ཝང་གི་གོ་གནས་དང་། གསེར་གྱི་དམ་ཁ་ཆེན་མོ། ཤེལ་གྱི་ཐོ་ཤུ། ཐོང་བྱིང་། གིང་རིའི་ཁྲིམས་ར། རྒྱལ་པོ་རང་ཉིད་ཀྱི་ལྕམ་མོ་ཁབ་ཏུ་ཕུལ། ཉི་མ་ནུབ་ཕྱོགས་བོད་ཆོས་ཁ་གསུམ་ལ་ཤེས་སུ་བཅུག་ནས་ཁྲིམས་ཀྱི་བྱ་བ་མངའ་མཛད། ཉེར་དགུ་པ་རབ་བྱུང་དྲུག་པའི་མེ་བྱི་ཕྱི་ལོ་ ༡༣༣༦ ལོར་སྲད་ཀྱི་ཆུ་ལུང་དུ་སྐུ་གཤེགས། སུ་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་དང་པོ་ཡིན།