59975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཝང་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་མེ་བྱི་ལོ་ཕྱི་ལོ་ ༡༣༣༦ ལོར་སྟག་ཚང་རྫོང་ཁར་ཡབ་ཝང་ཀུན་དགའ་ལེགས་པའི་འབྱུང་གནས་དང་། ཡུམ་དགེ་འདུན་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས་རབ་ཏུ་བྱུང། ཡབ་མེས་ཀྱི་བཀའ་ཆོས་ཡོངས་སུ་རྫོགས་པ་གསན། བླ་ཆེན་བསོད་ནམས་བློ་གྲོས་དང་། རྒྱལ་བ་བྲག་ཕུག་པ། མཉམ་མེད་ཆེན་པོ་སོགས་ལས་རྩ་རྒྱུད་བརྟག་གཉིས་སོགས་ཆོས་སྐོར་མང་དུ་གསན། ཡོན་གོང་མ་ཆེན་པོས་སའི་ལེན་ཝང་གི་གོ་གསན་དང་གསེར་དམ་ཐོ་ཤུ་དང་བཅས་པ་གནང་། གདན་ས་ཆེན་པོ་དང་སྟག་ཚང་རྫོང་ཁ་སོགས་སུ་བཞུགས་ནས་གཙུག་ལག་ཁང་དང་དཀོན་མཆོག་གི་རྟེན་གསུམ་བཞེངས་པ་བཅས་བསྟན་པའི་ཞབས་ཏོག་ལེགས་པར་མཛད། གདུང་རྒྱུད་རིན་པོ་ཆེ་སྤེལ་བའི་ཕྱིར་བཙུན་མོ་གཉིས་ཁབ་ཏུ་བཞེས། རིགས་སྲས་གསུམ་འཁྲུངས། ཞེ་གཉིས་པ་ རབ་བྱུང་དྲུག་པའི་མེ་སྦྲུལ་ཕྱི་ལོ ༡༣༧༧ ལོར་རྫོང་དཀར་དུ་སྐུ་གཤེགས། ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་གཉིས་པ་ཡིན།

{{#arraymap:ཝང་གྲགས་པ་རྒྱལ་མཚན་

|; |@@@ | | }}

ཝང་གྲགས་པ་རྒྱལ་མཚན་ (2)
Part of speech མིང་ཚིག
Definition རིག་གནས་སོགས་འཕེལ་བར་མཛད། རབ་བྱུང་བདུན་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༤༤༠ ལོར་སྐུ་གཤེགས། དྲུང་འཁོར་གྲགས་ཆེ་བ་ནི་རིན་སྤུངས་ནམ་མཁའ་རྒྱལ་མཚན་དང་། འཕྱོངས་རྒྱས་ཧོར་དཔལ་འབྱོར་བཟང་པོ། སྣེའུ་པ་ནམ་མཁའ་བཟང་པོ། བྲག་དཀར་བ་རིན་ཆེན་དཔལ་བཅས་ཡིན། ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་པ་ཡིན།
Domain དཔལ་འབྱོར།

{{#arraymap:ཝང་གྲགས་པ་རྒྱལ་མཚན་

|; |@@@ | | }}