59977
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་ཤིང་ཡོས་ཕྱི་ལོ་ ༡༤༣༥ ལོར་ས་སྐྱར་ཡབ་ཝང་ནམ་མཁའ་ལེགས་པའི་རྒྱལ་མཚན་དང་། ཡུམ་མ་གཅིག་བཙུན་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བདུན་པར་ཡི་གེའི་སྦྱོར་ཀློག་དང་རྩ་རྒྱུད་བརྟག་གཉིས་ཐུགས་འཛིན་མཛད། གཞུང་ལུགས་ཁག་ལ་གསན་སྦྱོང་གནང་། བཅོ་ལྔ་པར་གདན་ས་ཆེན་པོ་ནས་ཚོགས་ཆོས་གསུངས་པས་བདག་ཆེན་ཤར་པ་སོགས་ཀྱིས་གཙིགས་རྒྱན་དུ་བཀུར། ཏཱ་མི་གོང་མ་ཆེན་པོས་སྔར་སྲོལ་བཟང་པོ་མ་ཉམས་པར་ཝང་གི་གོ་གནས་དང་། ལས་ཁ། བཀའ་ལུང་བཟང་པོས་འཇའ་ས། གསེར་ཆས་ཁྱད་འཕགས། ཝང་གི་སྐྱ་ཆས་ཚང་མ་བཅས་གནང་སྦྱིན་ལེགས་པར་བསྩལ། སྔོན་གྱི་རྫོང་རོ་རྙིང་པ་ལྷུན་པོ་རྩེ་ཡང་བསྐྱར་བཞེངས། རྡོང་གཞིས་ཞགས་ནས་མངའ་ཐང་དར་བར་གནང། སྐུ་ཚེའི་ཧྼིལ་པོར་བསྟན་པའི་ཞབས་ཏོག་དང་། འགྲོ་བ་མང་པོའི་དོན་རྒྱ་ཆེན་པོ་མཛད། ཉེར་དགུ་པ་རབ་བྱུང་བརྒྱད་པའི་ཆུ་ལུག་ཕྱི་ལོ་ ༡༤༦༤ ལོར་སྐུ་གཤེགས། ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་ལྔ་པ་ཡིན། |