59978

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཝང་ནམ་མཁའ་ལེགས་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་ཡོས་ཕྱི་ལོ་ ༡༣༩༩ ལོར་ཡབ་ཝང་རྣམ་སྲས་རྒྱལ་མཚན་དང་། ཡུམ་མ་གཅིག་བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་འབྲོམ་སྟོན་སེང་གེ་སོགས་བཤེས་གཉེན་མང་པོ་བསྟེན། ཡབ་མེས་ཀྱི་བཀའ་ཆོས་དང་། རྩ་རྒྱུད་བརྟག་གཉིས་སོགས་མཁས་པར་སྦྱངས། བཅུ་དྲུག་པར་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་སྐུ་རིང་ལ་ཏཱ་མིང་གོང་མ་ཆེན་པོས་ཏུ་ཀྱ་ཧོ་ཝང་གི་གོ་གནས་དང་། གསེར་དམ། འཇའ་ས་བོད་ལ་ཤེས་སུ་བཅུག་པའི་བཀའ་ལུང་བཟང་པོ་ཕུལ། རྫོང་ལྷ་རྩེ་མངའ་ཞབས་དང་བཅས་པ་མཆོད་གཞིས་ཀྱང་ཤིན་ཏུ་སྟོབས་ཆེ་ཞིང་། ཡར་འབྲོག་ཧིམ་ཏུ་ཆེན་པོ། རིན་སྤུངས་ནང་སོ་ནོར་བུ་བཟང་པོ་སོགས་སྟོབས་ལྡན་མང་པོས་ཀྱང་བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། ཞེ་དྲུག་པ་རབ་བྱུང་བདུན་པའི་ཤིང་བྱི་ཕྱི་ལོ་ ༡༤༤༤ ལོར་རྣམ་རྒྱལ་རྩེར་སྐུ་གཤེགས། ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་བཞི་པ་ཡིན།