59981

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཝང་རྣམ་སྲས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་བྱི་ཕྱི་ལོ་ ༡༣༦༠ ལོར་ས་སྐྱར་ཡབ་ཝང་གྲགས་པ་རྒྱལ་མཚན་དང་། ཡུམ་མ་གཅིག་ལྷ་རིན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། བླ་ཆེན་བསོད་ནམས་བློ་གྲོས། བླ་མ་དཔལ་ལྡན་སོགས་བསྟེན། ཡབ་མེས་ཀྱི་ཆོས་སྐོར་རྣམས་ཐུགས་སུ་ཆུད་པར་མཛད། ཧོར་རྒྱལ་པོ་ཐོག་ན་བྱ་བས་རང་གི་སྲས་ཆེ་བ་དང་མཉམ་པའི་ལས་ཁ། རྭ་རྩེ་ཝང་གི་གོ་གནས་དང་། གསེར་དམ། གསེར་སྒོར། དངུལ་སྒོར། ཁྲིམས་ར་བརྒྱད། ཁྲིམས་ཀྱི་ཐས་པ་པིང་ཅིག་པ་ཧུ་ཤྲཱི། ཉི་མ་ནུབ་ཕྱོགས་ཤེས་སུ་བཅུག་པའི་བཀའ་ལུང་བཟང་པོ་བཅས་བསྩལ། གཙུག་ལག་ཁང་དང་རྟེན་གསུམ་བཞེངས། གདན་ས་དང་དགེ་འདུན་སོགས་ཀྱི་ཞབས་ཏོག་བསྒྲུབས། ཞེ་དགུ་པ་ རབ་བྱུང་བདུན་པའི་ས་བྱི་ཕྱི་ལོ་ ༡༤༠༨ ལོར་སྨོན་མཁར་རྩེ་གདོང་དུ་སྐུ་གཤེགས། ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་གསུམ་པ་ཡིན།