59987

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཝརྟུ་ (1)
Part of speech མིང་ཚིག
Definition སྔར་རྒྱ་གར་དུ་ཡིག་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པའི་ནང་གསེས་ཡི་གེའི་གཟུགས་རིས་ཅུང་ཟད་འཛིང་ཆེ་བ་ནག་ཤས་ཆུང་བ་ཞིག་སྟེ། ལཉྩ་དང་ཝརྟུ་དེ་གཉིས་སྐབས་དེའི་སྐད་རིགས་བཞིའི་ནང་གསེས་ལེགས་སྦྱར་གྱི་ཡི་གེ་དེ་ཡིན་པར་ངེས་ལ། རང་ཅག་བོད་ཀྱི་མཁས་པའི་རྩོམ་ཡིག་གི་འགོ་བརྗོད་ཀྱི་རྒྱན་ལྟ་བུར་གསུམ་བསྒྲིགས་སུ་འགོད་སྲོལ་ཞིག་ད་ལྟའང་ཡོད། ལོ་རྒྱུས་ཡིག་ཆ་མང་པོའི་ནང་ཝརྟུ་ནི་སློབ་དཔོན་ཐུ་མིས་དབུ་མེད་ཀྱི་དཔེ་མཛད་སའི་རྒྱ་གར་གྱི་ཡི་གེ་ཞིག་ཡིན་ཞེས་སྨྲ་མཁན་གྱི་མཁས་པ་ཡང་འགའ་ཤས་སྣང༌། འོན་ཀྱང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དབུ་ཅན་དང་དབུ་མེད་གཉིས་ཐོག་མ་ཞིག་ནས་མཉམ་དུ་མཛད་པ་མིན་པར། དབུ་ཅན་འདི་ཀ་རང་མགྱོགས་པར་བྲིས་པ་ལས་དབུ་མེད་རང་བཞིན་གྱིས་བྱུང་བ་ཡིན་པར་བཤད།
Foreign རྒྱ་གར།
Domain སྒྲ་རིག་པ།