60013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཝཾ་ལུང་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་སྨད་མདོ་ཁམས་ཁུལ་ནང་ཆེན་ཁོངས་སུ། རྒྱལ་དབང་བདེ་ཆེན་རྡོ་རྗེས་ཆུ་བྱི་ ༡༦༡༢ལོར་ཆག་བཏབ་ནས་ད་བར་ལོ་ངོ་སུམ་བརྒྱ་དགུ་བཅུ་རྩ་གྲངས་ཀྱི་ལོ་རྒྱུས་ལྡན། ཁོང་ནི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ཞིང་ཐུགས་དམ་གྱི་མཐིལ་ཉམས་ལེན་མཛད་མཁན་ཞིག་ཡིན་པར་གྲགས། མདོ་ཁམས་པ་ཀརྨ་བསྟན་འཕེལ་ལ་སློབ་ཚོགས་མང་དུ་བྱོན་པ་ལས་ནང་ཆེན་ཆིང་ཞུའི་དབུ་ཡི་མཆོད་གནས་དགེ་སློང་བཞིར་གྲགས་པའི་ནང་གསེས། བྱམས་དགོན་རྣམ་རྒྱལ་ཐེག་ཆེན་གླིང་གི་བླ་མ་ལྷ་རྟོགས་ཆོས་གསུམ་གྱི་ཡ་གྱལ། ཀརྨ་རྟོགས་ལྡན་སྤྲུལ་སྐུའམ་མཚན་དངོས་ཀུན་དགའ་ཚུལ་ཁྲིམས་ཉིད་ཀྱི་སྐུ་རབས་རིམ་བྱོན་གྲས་ཀྱི་སྐུ་ཐོག་ལྔ་པ་ཡན་བྱམས་མེ་དགོན་གྱི་ལོ་རྒྱུས་ནང་གསལ་བ་ལྟར་དང། སྐུ་ཕྲེང་དྲུག་པ་ཀུན་དགའ་ཚུལ་ཁྲིམས་དཔལ་བཟང་པོ་དེ་ཉིད་ཡུལ་འདི་ཡི་མི་དཔོན་རྒད་པོ་དབུ་ཆོས་མཆེད་གསུམ་སོགས་ཀྱིས་ཡང་ཡང་རེ་ཞུས་ལྟར་ནང་ཆེན་རྒྱལ་པོ་དང་། རྒྱ་བླ་འཁྲུལ་ཞིག་རིན་པོ་ཆེ་སོགས་ཀྱི་ཐུགས་ཆགས་བཞིན་སེང་གཡོན་ལུང་། ཝཾ་ལུང་མདོ་སྔགས་ཆོས་འཁོར་གླིང་དགོན་དུ་ཕེབས་ཏེ་མངའ་གསོལ། དེ་ནས་བཟུང་རྗེ་དེས་དགོན་སྡེ་འདི་ཉིད་བསྐྱངས་ཤིང་བསྟན་འགྲོར་སྨན་པའི་མཛད་བཟང་མངའ་བས་སྙན་གྲགས་ཆེན་པོ་བྱུང་། སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད་ནས་དུས་རྒྱུན་པར་མཚམས་བསྙེན་སྒྲུབ་ཁོ་ནར་ཐུགས་གཞོལ་བཞིན་བཞུགས། དགེ་འདུན་གྲངས་བདུན་ཅུ་རྩ་གྲངས་འདུས་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་མཛད། དེ་རྗེས་རྟོགས་ལྡན་སྤྲུལ་སྐུའི་སྐུ་ཕྲེང་བདུན་པ། ཀརྨ་ངག་དབང་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་མཆོག ས་སྦྲུལ་ ༡༩༢༩ ལོར་རྫ་སྟོད་འབྲོང་པ་སྟོད་མར་སྐུ་འཁྲུངས་ནས་གོང་མའི་གདན་སར་མངའ་གསོལ། རྒྱ་དམར་དུས་ཟིང་གིས་རྐྱེན་པས་མི་ལོ་སུམ་ཅུའི་རིང་བསྟན་པ་ལ་ཉམས་ཉེས་ཆེན་པོ་ཡིད་ཡུལ་དུ་མི་ཤོང་བ་བྱུང་། སླར་ཡང་གུ་ཡངས་བསྟན་པ་དར་བའི་མགོ་ཚུགས་ནས། ཕྱི་ནང་གི་བྱ་བ་མཐའ་དག་ལ་ཐུགས་འགན་ཆེན་པོ་བཞེས་ནས་ཕྱིའི་གཙུག་ལག་ཁང་ནང་དགེ་འདུན་གྱི་སྡེ་དང་སྐུ་གསུང་ཐུགས་རྟེན་སོགས། གང་ཅིའི་ཐད་མཛད་འཕྲིན་རྒྱས་ཏེ་གདན་ས་བསྐྱངས། དེའི་རྗེས་སུ་ད་ལྟའི་རྟོགས་ལྡན་སྤྲུལ་སྐུ་སྐུ་ཕྲེང་བརྒྱད་པ་ཀརྨ་ངག་དབང་འཕྲིན་ལས་ཆོས་ཀྱི་རྒྱ་མཚོ་མཆོག་དང་། གཞན་ཡང་ཁྲི་འཛིན་གཉིས་པ་བླ་མ་མི་ཕམ་རྣམ་རྒྱལ། གཉིས་པ། མི་ཕམ་མཐུ་སྟོབས་ཆོས་ཀྱི་རྒྱལ་མཚན་ཞལ་བཞུགས་བཞིན་པ་བཅས་ཀྱིས་དགོན་འདི་དེང་སྐབས་སྒྲུབ་ཁང་དུ་གྲྭ་གྲངས་དྲུག་ཆག་མེད་དང་། དེ་མིན་གྲྭ་བཙུན་མི་ཉུང་བ་ཞིག་གིས་དགོན་པའི་སྒྲུབ་མཆོད་ཁག་དད་ལྡན་མང་ཚོགས་ཀྱི་དགོས་མཁོ་སྐོང་བཞིན་པ་བཅས་ཡོད་འདུག །

{{#arraymap:ཝཾ་ལུང་དགོན་

|; |@@@ | | }}