60014
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཝཾ་ལུང་ཁྲི་འཛིན་གཉིས་པ། བླ་མ་མི་ཕམ་རྣམ་རྒྱལ་མཆོག་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ་ ༡༧༨༡ ལོར་སྐུ་འཁྲུངས། བླ་མ་འདི་ནི། ཀུན་དགའ་ཚུལ་ཁྲིམས་སོགས་སྐུ་གཤེགས་པའི་སྐབས། བསྟན་དགོན་འདི་ཉིད་ཉམས་ཆག་མི་ཡོང་བའི་ཆེད་དུ། ནང་ཆེན་ཚེས་བཅུ་དགོན་ནས་བླ་མ་མི་ཕམ་རྣམ་རྒྱལ་གདན་ས་འདིར་གནང་བ་དང་། ཁོང་ནི་ཀུན་དགའ་ཚུལ་ཁྲིམས་ཀྱི་སྐུ་ཚ་ཡིན་ཅིང་རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ལོར་སྒམ་མཛོ་མ་ཐུང་དཔོན་ཚང་ལ་སྐུ་འཁྲུངས། བླ་མ་འདི་ནི་སྐྱེས་སྦྱངས་ཤེས་རབ་ཆེ་བས་རིག་གནས་ཆེ་ཕྲ་ཀུན་དང་ལྷག་པར་དུ་རྒྱུད་སྡེའི་ཕྱག་ལེན་མན་ངག་ཀུན་ལ་མཁས་པར་གྱུར་པས། རྒྱལ་བསྟན་སྤྱི་དང་བཀའ་བརྒྱུད་པའི་རིང་ལུགས་དྲི་མ་མེད་པ་བསྐྱངས་ཏེ། དགོན་སྡེ་དེ་ཉིད་ཀྱང་འབྱོར་པ་ཆེར་རྒྱས་པ་དང་། དགོན་པའི་ལྷ་ཁང་ཁག་ཀྱང་སླར་གསོ་མཛད་ཡོད། སྐབས་དེར་དགོན་འདིར་བླ་གྲྭ་བརྒྱ་ལྷག་ཙམ་འདུས་པ་སོགས་འགྲོ་དོན་རྒྱ་ཆེར་བསྐྱངས། མཐར་དགུང་གྲངས་བདུན་ཅུ་སྟེ་ལྕགས་ཡོས་ ༡༩༥༡ ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་དགོངས་པ་རྫོགས། ། |
{{#arraymap:ཝཾ་ལུང་བླ་མ་མི་ཕམས་རྣམ་རྒྱལ་
|; |@@@ | | }}