60016
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་ ༡༨༡༤ ལོར་སྐུ་འཁྲུངས། ཡུལ་འདི་ཡི་མི་དཔོན་རྒད་པོ་དབུ་ཆོས་མཆེད་གསུམ་སོགས་ཀྱིས་ཡང་ཡང་རེ་ཞུས་ལྟར་ནང་ཆེན་རྒྱལ་པོ་དང་། རྒྱ་བླ་འཁྲུལ་ཞིག་རིན་པོ་ཆེ་སོགས་ཀྱི་ཐུགས་ཆགས་བཞིན། ཞབས་སེན་གསེར་གྱི་འཁོར་ལོ། སེང་གཡོན་ལུང་ཝཾ་ལུང་མདོ་སྔགས་ཆོས་འཁོར་གླིང་དགོན་དུ་ཕེབས་ཏེ། ཁྲི་འདོན་གསོལ་སྟོན་ཕུན་སུམ་ཚོགས་པའི་སྒོ་ནས་མངའ་གསོལ། དེ་ནས་བཟུང་རྗེ་དེས་དགོན་སྡེ་འདི་ཉིད་བསྐྱངས་ཤིང་བསྟན་འགྲོར་སྨན་པའི་མཛད་བཟང་མངའ་བས་སྙན་གྲགས་ཀྱང་ཆེན་པོ་བྱུང་། བླ་མ་ཁོང་ནི་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད་ནས་དུས་རྒྱུན་པར་མཚམས་བསྙེན་སྒྲུབ་ཁོ་ནར་ཐུགས་གཞོལ་བཞིན་བཞུགས་པ་དང་། དེ་དུས་དགོན་དེར་དགེ་འདུན་གྲངས་བདུན་ཅུ་རྩ་གྲངས་འདུས་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་མཛད། རྗེ་དེ་ཉིད་ནས་གདན་ས་བསྐྱངས་ཏེ་མཐར། དགོང་ལོ་བརྒྱད་ཅུ་གྱ་བརྒྱད། རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ ༡༩༠༢ ལོར་སྐུ་ཡི་བཀོད་པ་བསྡུས། སྐུ་གདུང་ཞུགས་སུ་སྦར་བས་དབུ་ཐོད་དང་རིང་བསྲེལ་དུ་མ་དད་རྟེན་དུ་བཞུགས་པ་སོགས། དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར། ། |
{{#arraymap:ཝཾ་ལུང་རྟོགས་ལྡན་སྐུ་ཕྲེང་དྲུག་པ་ཀུན་དགའ་ཚུལ་ཁྲིམས་
|; |@@@ | | }}