60018

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཝཾ་ལུང་རྟོགས་ལྡན་སྤྲུལ་སྐུའི་སྐུ་ཕྲེང་བདུན་པ་ཀརྨ་ངག་དབང་འཕྲིན་ལས་ཀུན་ཁྱབ་ (1)
Part of speech མིང་ཚིག
Definition ཁོང་གི། ཡབ་འབྲོང་པ་གེ་ཞུ་བསོད་ནམས་དབང་ཆེན་དང་། ཡུམ་རྒྱ་བཟའ་བདེ་དབང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ ༡༩༢༩ ལོར་རྫ་སྟོད་འབྲོང་པ་སྟོད་མར་སྐུ་འཁྲུངས། ཀརྨ་པ་རིག་པའི་རྡོ་རྗེ་དང་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་བཅས་ཀྱི་ཐུགས་སྣང་དང་དགོངས་པ་གཅིག་མཐུན་དུ་བྱུང་བ་གཞིར་བཟུང་། དགུང་ལོ་བཅུ་གསུམ་ཐོག་བཀྲ་ཤིས་དགེ་བའི་ཉིན་ཞིག གོང་མའི་གདན་སར་རྟེན་འབྲེལ་ཟབ་རྒྱས་དང་བཅས་ཏེ་ཆོས་གྱི་ཁྲིར་མངའ་གསོལ། རིམ་བཞིན་མཚན་ལྡན་གྱི་བླ་མ་དུ་མའི་དྲུང་ནས་ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན་པ་དང་། བསྟན་འགྲོར་སྨན་པའི་མཛད་འཕྲིན་དར་བཞིན་པའི་སྐབས། དུས་ཟིང་གིས་རྐྱེན་པས་བསྟན་པ་ལ་ཉམས་ཉེས་ཆེན་པོ་བྱུང་། ཕྱིས་སླར་ཡང་བསྟན་པ་དར་བའི་མགོ་ཚུགས་ཏེ་བླ་མ་ཉིད་ནས་དགོན་འདིའི་ཕྱི་ནང་གི་བྱ་བ་མཐའ་དག་ལ་ཐུགས་འགན་ཆེན་པོ་བཞེས་ནས་ཕྱིའི་གཙུག་ལག་ཁང་ནང་དགེ་འདུན་གྱི་སྡེ་དང་སྐུ་གསུང་ཐུགས་རྟེན་སོགས་གང་ཐད་ཡར་རྒྱས་ཆེན་པོ་བྱུང་བས་མཛད་འཕྲིན་རྒྱས་ཏེ་གདན་ས་བསྐྱངས། མཐར་དགུང་ལོ་དྲུག་ཅུ་རེ་བདུན་ཤིང་ཁྱི་ ༡༩༩༤ ལོར་སྐུ་གཤེགས། སྐུ་གདུང་ལས་རིང་བསྲེལ་མང་དུ་བྱོན་པ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་། །

{{#arraymap:ཝཾ་ལུང་རྟོགས་ལྡན་སྤྲུལ་སྐུའི་སྐུ་ཕྲེང་བདུན་པ་ཀརྨ་ངག་དབང་འཕྲིན་ལས་ཀུན་ཁྱབ་

|; |@@@ | | }}