60020

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་ཉེར་གཅིག་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་རྐན་དང༌། བྱེད་པ་ལྕེའི་རྩེ་མོ་དང་མཆོག་ཏུ་ཉེ་བ། སྒྲ་འབྱིན་ཚུལ་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མོ་ཡིག་ཅིག
ཞ་ (2)
Part of speech མིང་ཚིག
Definition ཞ་ཉེ་ཡི་བསྡུས་ཚིག་སྟེ།
Example ཞ་ལྕགས་འདྲེས་མ། ཞ་དཀར། ཞ་ནག་ལྟ་བུ།
ཞ་ (3)
Part of speech མིང་ཚིག
Definition སྒོ་ཕྱུགས་ཀྱི་སྐྱེ་འཕེལ་གྱི་དབང་པོ་ཉམས་པར་བྱེད་པའི་ཕྱ་ཡི་འབྲི་ཚུལ་གཞན།
ཞ་ (1)
Part of speech བྱ་ཚིག
Definition ཡན་ལག་གམ་དབང་པོ་སྐྱོན་ཅན་དུ་གྱུར་པའི་དོན།
Keyword True
Example རྐང་པ་ཞ་བ། ལག་པ་ཞ་བ། མིག་ཞ་བ་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ཞ་ (2)
Part of speech བྱ་ཚིག
Definition སེམས་ཀྱི་སྣང་བ་སོགས་མི་མངོན་པར་གྱུར་པ་དང་ཡིབ་པའི་དོན།
Keyword True
Example སེམས་བག་ལ་ཞ། །སྙིང་སྟོབས་བག་ལ་ཞ་ལྟ་བུ།