60028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞ་ནེ་ (1)
Part of speech མིང་ཚིག
Definition ཞ་ཉེའི་མིང་སྟེ། གཏེར་དངོས་སྨན་རྫས་ཀྱི་རིགས་ཤིག་སྟེ། ཞ་རྡོ་མདོག་སྔོ་ནག་གཡའ་ཅན་བཞུས་པ་ལས་འབྱུང་བ་ནི་ཞ་ཉེ་ནག་པོ་ཡིན་པ་དང༌། ཞ་རྡོ་དཀར་པོ་དངུལ་རྡོ་འདྲ་བ་བཞུས་པ་ལས་འབྱུང་བ་ནི་ཞ་ཉེ་དཀར་པོ་ཞེས་རིགས་གཉིས་འབྱུང་ཞིང༌། གཉིས་ཀ་གཡའ་ཉམས་ལྡན་ལ་ལྕི་ཞིང་མཉེན་པ། ཡང་རང་བྱུང་ཞ་ཉེ་ཞེས་པ་ནི་མེས་བཞུ་བཏུལ་མ་བྱས་ཀྱང་མེ་ཁམས་ཀྱིས་རང་བཞིན་དུ་བཞུ་སྟེ་བྲག་དང་རྡོ་ཆེན་སོགས་ཀྱི་སྲུབ་ནས་འབྱུང་བ་ཞིག་ཡིན། སྤྱིར་ཞ་ཉེ་ཞེས་བོད་ཀྱི་ས་ཁུལ་ལ་བོད་མདའི་མདེའུ་བཟོ་བྱེད་དང༌། དེ་བཞིན་དེང་དུས་གློག་གི་ཉེན་སྲུང་གི་སྐུད་པ་སོགས་བཟོ་བྱེད་དེའོ། །རོ་བསྐ་ལ་ཅུང་མངར་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་བ། ངོ་བོའི་ནུས་པས་དུག་འཇོམས་ཤིང༌། ཤ་རོ་གཅོད་པར་བྱེད་པ་དང༌། འཕྲུལ་ཐལ་གྱིས་ཞ་ཉེ་རང་ལ་སྦྱར་བའི་དུག་འཇོམས། འཕྲུལ་ཐལ་ལ་ཞ་དཀར་བཟང༌། སྐྲ་དང་སྨར་སྨིན་སོགས་དཀར་བ་ནག་པོར་གཏོང་བའི་ནུས་པ་ལྡན་པའི་སྦྱོར་སྡེ་ལ་ཞ་ཉེ་ནག་པོ་དགོས། དངུལ་ཆུ་འཆིང་བར་གཉིས་ཀ་ཆ་མཉམ་བཟང་བའོ། །
Type ཡུལ་སྐད།

{{#arraymap:ཞ་ནེ་

|; |@@@ | | }}