60030
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གཅིག་པའི་སྟོད་དུ་འཁྲུངས། བོད་ཡུལ་ནས་ཐོག་མར་ཐོས་བསམ་མཛད། །ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་བཞེས། འདུལ་བའི་ཆོས་གཞུང་སོགས་ལ་འབུངས། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ཞེན་མེད་ཀྱི་ལྟ་བ་དང་། སྟོང་ཉིད་སྙིང་རྗེའི་ལྟ་བ། སེམས་ཉིད་རིན་ཆེན་གྱི་ལྟ་བ། དེ་ཉིད་བརྒྱད་ཀྱི་ལྟ་བ། སེམས་ཉིད་རྟོག་པ་འཇོམས་པའི་ལྟ་བ། མྱ་ངན་གྱི་ལྟ་བ། སེམས་ཙམ་གྱི་ལྟ་བ། སྙིང་རྗེའི་སྤྱོད་པ་ཐོད་པའི་ལྟ་བ། འགྲེལ་མེད་ལྟ་བ། དེ་བཞིན་ཉིད་ཀྱི་ལྟ་བ། ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ། ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ། དཔལ་རྡོ་རྗེ་མཁའ་འགྲོ་མའི་མགུར། རྡོ་རྗེ་མཁའ་འགྲོ་མའི་བརྡའི་མགུར། ཐུགས་ཀྱི་གསང་བ་གླུར་བླངས་བ་ཐིག་ལེ་དག་པའི་ཕྲེང་བ། གྲུབ་ཐོབ་ཕོ་མོ་བརྒྱད་ཅུའི་རྟོགས་བརྗོད། གྲུབ་ཐོབ་ལྔ་བཅུའི་རྟོགས་བརྗོད་ཐིག་ལེ་འོད་ཀྱི་ཕྲེང་བ། ཕྱག་རྒྱ་ཆེན་པོ་རིན་པོ་ཆེའི་བརྡའི་མན་ངག མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ། ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་ལྔའི་རྟོགས་བརྗོད། འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས་བཅས་ཆོས་ཚན་སོ་གཅིག་བཞུགས། |
{{#arraymap:ཞ་མ་སེང་གེ་རྒྱལ་བ་
|; |@@@ | | }}