60042

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞ་ལུ་བསོད་ནམས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་བྱི་ཕྱི་ལོ་ ༡༤༠༨ ལོར་ས་སྐྱའི་རིན་ཆེན་སྒང་བླ་བྲང་དུ་ཡབ་བླ་ཆེན་ཀུན་དགའ་རྒྱལ་མཚན་དང་། ཡུམ་མ་གཅིག་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་། ཡབ་མེས་ཀྱི་ཆོས་སྐོར་མ་ལུས་མཁས་པར་སྦྱངས། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་སོགས་མང་དུ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་མཛད། གདུང་རྒྱུད་སྤེལ་ཕྱིར་བཙུན་མོ་མ་གཅིག་ཀུན་དགའ་འབུམ་ཁབ་ཏུ་བཞེས། ཞེ་གསུམ་པ་རབ་བྱུང་བརྒྱད་པའི་ལྕགས་རྟ་ཕྱི་ལོ་ ༡༤༥༠ ལོར་སྐུ་གཤེགས།

{{#arraymap:ཞ་ལུ་བསོད་ནམས་རྒྱལ་མཚན་

|; |@@@ | | }}