60072

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞག་པོའི་རྭ་བསེ་རོ་ཟློས་ (1)
Part of speech མིང་ཚིག
Definition རྭ་བསེ་རོ་ཟློས་ཀྱི་ནང་གསེས་ཟློས་པ་ཡོད་པའི་ཞག་པོ་སྟེ། གཤིན་པོའི་རང་ལོ་སྤྲེལ་ཡིན་པར་ཆ་བཞག་ན། འཆི་འཕོ་སྐབས་ཀྱི་ཞག་པོ་ནི་སྟག་ལྟ་བུ་བདུན་ཟུར་གྱི་ཞག་པོ་དང་། སྤྲེལ་ལྟ་བུ་རང་ཀེག་གི་ཞག་པོ། གླང་ལྟ་བུ་སྲོག་གི་དུར་ཞུགས་ཀྱི་ཞག་པོ། ལུག་ལྟ་བུ་སྲོག་གི་དུར་ཞུགས་ཀྱི་ཞག་པོ། བྱི་བའམ་འབྲུག་ལྟ་བུ་མཐུན་གསུམ་གྱི་ཞག་པོ། སྦྲུལ་ལྟ་བུ་ཡར་གྱི་བཞི་གཤེད་ཀྱི་ཞག་པོ། ཕག་ལྟ་བུ་མར་གྱི་བཞི་གཤེད་ཀྱི་ཞག་པོ། ལུག་ལྟ་བུ་ལོ་དཀར་ཆེ་བའི་ཞག་པོ། གླང་ལྟ་བུ་ལོ་དཀར་ཆུང་བའི་ཞག་པོ། སྦྲུལ་ལམ་རྟ་ལྟ་བུ་སྲོག་གི་དགྲའི་ཞག་པོ། མཚེ་མ་དྲུག་གི་སྡེ་ཚན་གང་རུང་ཞིག་ཏུ་གཤིན་ལོ་དང་འདོམ་པའི་ཞག་པོ། ངན་ཀླུང་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་པའི་ཞག་པོ་བཅས་ཡིན་པ་ལ་ཟེར་ཞིང་། དེ་དག་ལས་གང་གི་སྟེང་དུ་ཤི་ཡང་ཞག་པོའི་རྭ་བསེའི་བཏང་གཅོད་རྡེའུ་ནག་ཅིང་རོ་ཟློས་ཡོད་པར་བཤད།
Domain རྩིས་རིག

{{#arraymap:ཞག་པོའི་རྭ་བསེ་རོ་ཟློས་

|; |@@@ | | }}