60076
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། ངས་ས་འདིར་ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ། འཆི་བའི་སྡུག་བསྔལ་མཐར་ཕྱུང་ངོ་ཞེས་པ་དེ་ལ་གདན་དེ་ཉིད་ལ་བཞུགས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་རྒྱང་རིང་འཆག་པས་འཆག་གོ ། དེའི་ཚེ་དེ་བཞིན་གཤེགས་པས་ངས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་མཐར་ཕྱུང་ངོ་ཞེས་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་ཤར་གྱི་རྒྱ་མཚོ་ནས་ནུབ་ཀྱི་རྒྱ་མཚོའི་བར་དུ་མི་རིང་བའི་འཆག་པས་འཆག་གོ ། དེ་ཡུལ་ངན་ཆེན་པོ་བྱུང་བ་དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་བཏང་བ་བཟུང་གི་གནས་ན་བཞུགས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་ནས་ཤིང་ནྱ་གྲོ་དྷ་སྐྱོང་གི་དྲུང་དུ་བཞུད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཞག་བདུན་པ་བདུན་
|; |@@@ | | }}