60100
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། རྡེག་བྱེད་ཞག་བཅུ་འཆང་སྤང་གི་གོས་དེས་ཞག་མ་ལོན་པའི་གོས་ལ་ཉེས་པ་རྡེག་པར་བྱེད་པས་ན་ཞག་ཤན་རྡེག་ཟེར་བ་ཡིན་ནོ། །དེའི་དོན་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཞག་ཤན་གྱི་དབྱེ་བའང་ཡོད་དེ། ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ལ་ཡང་གོས་དང་ལྷུང་བཟེད་དང་། སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་རྣམས་སུ་ཡོད་ཅིང་། དུས་རུང་དང་ཐུན་ཚོད་དུ་རུང་བ་དང་། ཇི་སྲིད་འཚོ་བའི་སྨན་གསུམ་ལ་རང་སྟོབས་ཀྱིས་གསོག་འཇོག་དང། དེ་ལ་བརྟེན་པའི་སྤང་ལྟུང་བསྐྱེད་པ་ཡིན་གྱི་ཤན་སྟོབས་མི་འབྱུང་ངོ་། ཞག་ཤན་ཁྱད་པར་ཅན་མ་ཡིན་པ་ལའང་གཉིས་ཡོད་དེ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པ་དང་། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱིར། ཞག་ཤན་ཁྱད་པར་ཅན་ཡིན་མིན་རེ་རེ་ལའང་ཤན་བརྡེག་བྱ་རྡེག་བྱེད་གཉིས་གཉིས་ཡོད་དོ། །གོས་དང་ལྷུང་བཟེད་ཀྱི་ཤན་རྡེག་བྱེད་ཡིན་ན། རང་གི་ཤན་བརྡེག་བྱ་ལས་ཕྱིས་རྙེད་མིན་པས་ཁྱབ་ཀྱང་སྔར་རྙེད་ཡིན་པས་མ་ཁྱབ་སྟེ། དུས་མཉམ་དུ་རྙེད་པའི་གོས་དང་ལྷུང་བཟེད་ཀྱི་ཤན་བརྡེག་བྱ་རྡེག་བྱེད་གཉིས་ཡོད་པའི་ཕྱིར་ཏེ། དགེ་སློང་གིས་གོས་གཉིས་མཉམ་དུ་རྙེད་པ་ལ་གཅིག་བྱིན་གྱིས་བརླབས། གཅིག་ཤོས་བྱིན་གྱིས་མ་བརླབས་པར་མཉམ་དུ་ཞག་བཅུ་འདས་ན་ཕྱི་མ་ལ་རང་སྟོབས་དང་། སྔ་མ་ལ་ཤན་སྟོབས་ཀྱིས་ཞག་བཅུ་འཆང་སྤང་བསྐྱེད་པའི་ཕྱིར། དེ་བཞིན་དུ་གོས་དང་ལྷུང་བཟེད་ཀྱི་ཤན་བརྡེག་བྱ་ཡིན་ན། རང་གི་ཤན་རྡེག་བྱེད་ཀྱི་སྔར་རྙེད་མིན་པས་ཁྱབ་ཀྱང་། ཕྱིས་རྙེད་ཡིན་པས་མ་ཁྱབ་པའི་ཚུལ་ཤེས་པར་བྱ་ལ། སྨན་ལ་ནི་མི་འདྲ་བའི་ཁྱད་པར་ཞག་བདུན་པའི་སྨན་གྱི་ཞག་ཤན་རྡེག་བྱེད་ཡིན་ན། རང་གི་བརྡེག་བྱ་ལས་སྔར་བྱུང་བས་ཁྱབ་པ་དང་། དེའི་ཤན་བརྡེག་བྱ་ཡིན་ན། རང་གི་རྡེག་བྱེད་ལས་ཕྱིས་འབྱུང་བས་ཁྱབ་པའི་རྣམ་གཞག་ཁོང་དུ་ཆུད་པར་གྱིས་ཤིག ། གོས་དང་ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་ཡིན་མིན་གྱི་དོན་ཡོད་དེ། སྔ་མ་ཤན་བརྡེག་བྱེད་བྱིན་གྱིས་མ་བརླབས་པས། བརྡེག་བྱ་བྱིན་གྱིས་བརླབས་པ་ལ་བརྡེག་པའི་སྒོ་ནས་བཞག ། ཕྱི་མ་རྡེག་བྱེད་བྱིན་གྱིས་མ་བརླབས་པས་བརྡེག་བྱ་ཡང་བྱིན་གྱིས་མ་བརླབས་པ་ལ་བརྡེག་པའི་སྒོ་ནས་བཞག་པའི་ཕྱིར། སྨན་ཞག་བདུན་པ་ལྟ་བུ་ལ་ཞག་ཤན་ཁྱད་པར་ཅན་མིན་པ་མི་འཇོག་སྟེ། དེ་ལ་རྡེག་བྱེད་བྱིན་གྱིས་བརླབས་པས་བརྡེག་བྱ་བྱིན་གྱིས་བརླབས་པ་ལ་ཤན་བརྡེག་པ་ཤ་སྟག་ཡིན་པའི་ཕྱིར་ཏེ། སྨན་བྱིན་གྱིས་མ་བརླབས་པས་སྨན་གཞན་གང་ལ་ཡང་ཤན་བརྡེག་པ་མེད་པའི་ཕྱིར་ཏེ། དུས་རུང་གི་སྨན་གྱིས་དུས་རུང་གི་ཟས་གཞན་ལ་ཤན་བརྡེག་པ་མེད་པའི་ཕྱིར། ཞེས་སོགས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཞག་ཤན་
|; |@@@ | | }}