60126
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། ཞང་བློན་མ་ཞང་གྲོམ་པ་སྐྱེས་གསོན་པོར་དུར་འཇུག་སྐབས་སུ་འདིས་མོ་པ་དང་རྩིས་པ་མང་པོ་ལ་ལྐོག་དངུལ་བརྫངས་སྤྲད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིམ་ལ་བློན་པོ་གང་དྲག་གཉིས་གསོན་པོར་དུར་དུ་འཇུག་ན་སྐུ་རིམ་ཡག་པའི་གཏམ་རྣམས་མོ་པ་དང་རྩིས་པ་རྣམས་ཀྱི་ཁ་ལས་གང་བྱུང་དུ་བཤད་བཅུག་པ་དང་། བན་བོན་གཉིས་ཀྱི་ལྟ་བ་ལ་རྩོད་གླེང་བྱེད་སྐབས་ཁོང་གིས་བན་གྱི་ཁ་འཛིན་མཛད་ནས་བོན་རྣམས་ཕམ་པར་བྱུང་བའི་ལོ་རྒྱུས་མཆིས། |
{{#arraymap:ཞང་ཉ་བཟང་
|; |@@@ | | }}