60139
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་གཉིས་པའི་མེ་གླང་ཕྱི་ལོ་ ༡༠༩༧ ལོར་འབྲོག་གི་སྣུབས་མཚོ་གླིང་དགུའི་བླ་དོར་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་གྱི་སྲས་སུ་འཁྲུངས། རྡོ་རྗེ་ལེགས་པས་གྲོགས་མཛད་དེ། ལྕེ་བཙུན་སེང་གེ་དབང་ཕྱུག་གིས་འུ་ཡུག་ཏུ་གཏེར་དུ་སྦས་པའི་སྙིང་ཐིག་གི་གདམས་པ་རྣམས་གཏེར་ལས་བཏོན་ནས་ཚོགས་འཁོར་བརྒྱ་རྩ་བརྒྱད་ཀྱང་བཏང་། ཞང་སྟོན་རིན་པོ་ཆེ་དགུང་ལོ་ཉེར་གཅིག་ཡིན་སྐད། དེའི་རྗེས་ཇལ་གྱི་ཕུ་ལ་ལྕེ་བཙུན་སེང་གེ་དབང་ཕྱུག་གི་སྦས་པའི་ཆོས་གཏེར་དང་། མཆིམས་ཕུའི་བྲག་ལ་བི་མ་ལ་ཉིད་ཀྱིས་སྦས་པའི་ཆོས་གཏེར་རྣམས་གཏེར་ལས་བཏོན་ཏེ་སློབ་མའི་ཚོགས་ལ་རྒྱ་ཆེར་བཤད་པར་མཛད། དོན་གཅིག་པ་རབ་བྱུང་གསུམ་པའི་མེ་ཕག་ཕྱི་ལོ་ ༡༡༦༧ ལོར་སྐུ་གཤེགས། སྙིང་ཐིག་གི་གཏེར་སྟོན་ཆེན་པོ་ཞིག་ཡིན། |
{{#arraymap:ཞང་བཀྲ་ཤིས་རྡོ་རྗེ་
|; |@@@ | | }}