60143

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞང་བློན་མ་ཞང་གྲོམ་པ་སྐྱེས་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་མགོར་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞང་བློན་ཡིན། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་སྐུ་གཤེགས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཆུང་ངུའི་སྐབས་དང་བསྟན་ནས་འདིས་རྒྱལ་པོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་ཏེ། བཀྲ་མི་ཤིས། ཚེ་ཕྱི་མ་སྐྱེ་བ་ལེན་ཟེར་བ་རྫུན་ཡིན། ཚེ་འདིའི་རྐྱེན་ཟློག་བོན་གྱིས་བྱེད། སུས་ཆོས་བྱེད་པ་ཕོ་རེང་དུ་མཐར་སྤྱུག་གོ་ཞེས་ཁྲིམས་བུ་ཆུང་བཅས་བཟོས་ནས་དྲིལ་བསྒྲགས་མཛད་པ་ཆོས་འབྱུང་མཁས་པའི་དགའ་དོན་དུ་གསུངས། སྐབས་དེར་གསེར་གྱི་ལྷ་ཤཱཀྱ་མུ་ནེ་བྱེ་དོང་དུ་སྦས་པ་དང་། ལྷ་ས་གཙུག་ལག་ཀང་དུ་བཤས་ར་བྱས་པའི་ལོ་རྒྱུས་མཆིས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དགོངས་ལ་ཞང་བློན་མ་ཞང་གྲོམ་པ་སྐྱེས་ཁོང་ནི་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་བའི་འགལ་རྐྱེན་དུ་གྱུར་བ་དགོངས་ནས། བློན་པོ་འགོས་ཁྲི་བཟང་ཡབ་ལྷག་གཙོས་པའི་བློན་པོ་རྣམས་དང། ལྐོག་ཏུ་བཀའ་གྲོས་མཛད་མཐར་རྒྱལ་པོའི་རིམ་གྲོལ་གྱི་ཆེད་དུ་བློན་ཆེན་གང་དྲག་གཉིས་གསོན་པོ་དུར་དུ་ཞུགས་དགོས་པའི་ཐབས་ཤེས་ཕུད་ནས་གསོན་པོར་དུར་དུ་བཅུག

{{#arraymap:ཞང་བློན་མ་ཞང་གྲོམ་པ་སྐྱེས་

|; |@@@ | | }}